སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།འཇར་མན་གྱི་བྱིས་པའི་སློབ་གསོ།

སྤེལ་དུས། 2017-01-25 21:23:43    རྡེབ་ཚད།
མཉམ་སྤྱོད་གནས།
   

                                                                                   འཇར་མན་གྱི་བྱིས་པའི་སློབ་གསོ།

                 གྲུ་ཆུང་གིས་བསྒྱུར།

འཇར་མན་བས་ཆེས་དོ་སྣང་བྱེད་པ་ནི་བྱིས་པའི་རང་གཤིས་དང་། ཀུན་སྤྱོད་གསོ་སྦྱོང་ཡིན་ལ། གོམས་གཤིས་བཟང་བོ་མང་པོ་ཞིག་ནི་ཆུང་དུས་ཁྱིམ་གྱི་སློབ་གསོ་ནས་ཐོབ་པའི་འབྲས་བུ་རེད།
1. 
སྒྲིག་སྲོལ་གྱི་འདུ་ཤེས།  རང་ཉིད་ཀྱི་མདུན་དུ་བཞག་པའི་ཟ་མ་ངེས་པར་ཟས་ཚར་དགོས་པ་དང་། སྔོན་ལ་ཚོད་མའི་རིགས་དང་ཟ་མ་ཟས་རྗེས། ད་གཟོད་ཞོར་ཟས་ཟ་ཆོག 
2. རང་བདག་ནུས་པ།  དཔེར་ན་བཟའ་བཏུང་དང་། གཉིད་པ། ཕྱི་དོར་བཀོད་སྒྲིག  རང་བདག་ནུས་པ་སྦྱོང་བརྡར་བཅས་སོ།།
3. 
བརྩེ་སེམས།  ཁྱིམ་ཚང་མང་པོ་ཞིག་གིས་ཁྱིམ་དུ་སྲོག་ཆགས་ཆུང་ཆུང་གང་རུང་གསོ།  དཔེར་ན། ཁྱི་ཕྲུག་དང་། ཞི་མི་ཆུང་ཆུང་སོགས་གསོས་ཏེ་བྱིས་པ་ལ་དངོས་སུ་བདག་སྐྱོང་བྱེད་དུ་འཇུག་པའི་བརྒྱུད་རིམ་ཁྲོད་དུ།  ཁོ་ཚོ་ལ་ལྷག་བསམ་རྣམ་དག་གིས་ཚེ་སྲོག་ཆུང་ཆུང་ལ་གཅེས་སྐྱོང་བྱ་རྒྱུ་རྟོགས་སུ་འཇུག་པ་རེད།
4. 
སྤོབས་པ།  བྱིས་པ་ཐང་ལ་འགྱེལ་དུས་ཚབས་ཆེན་མིན་ན་ཕ་མས་རོགས་མི་བྱེད་པར་ཁོ་ཚོ་རང་ཉིད་ཡར་ལངས་རྒྱུ་སློབ་པ་རེད།
5. 
བརྩི་བཀུར།   བྱིས་པ་ལ་གཞན་གྱི་གསང་བར་བརྩི་བཀུར་བྱ་དགོས་ཞེས་སློབ་གསོ་གཏོང་ཞིང་། འཇར་མན་གྱི་ཕ་མ་རྣམས་ཀྱིས་བྱིས་པའི་ཆོག་མཆན་མ་ཐོབ་པར་ཁོ་ཚོའི་དངོས་པོར་ཐུག་རེག་གཏན་ནས་མི་བྱེད་པ་རེད།
6. གུས་བཀུར།  འཇར་མན་གྱི་ཕ་མ་རྣམས་ཀྱིས་བྱིས་པ་ལ་རོགས་རམ་ཞུ་དུས"bitte"གནང་རོགས།ཟེར་བ་དང་། དེ་རྗེས"danke"བཀའ་དྲིན་ཆེཟེར་བ་རེད།
7. 
རྒྱུ་དངུལ་གྱི་འདུ་ཤེས།  འཇར་མན་གྱི་ཕ་མ་རྣམས་ཀྱིས་སྒོར་མོ་བཀོལ་བའི་གྲངས་ཀར་ཚོད་འཛིན་བྱས་པ་ཧ་ཅང་གཟབ་ནན་ཡིན། ཁོ་ཚོས་བྱིས་པར་ཁྱིམ་ལས་སླ་མོ་རེ་ལས་སུ་བཅུག་ནས་ཞོར་བཀོལ་སྒོར་མོ་ཉུང་ངུ་རེ་བྱིན་ཏེ། མ་རྩོལ་བར་ཐོབ་པའི་རྒྱུ་ལ་གཡོལ་བར་བྱེད།
8. མཇུག་འབྲས་ལ་འགན་ཁུར་བ།  འཇར་མན་གྱི་ཨ་མ་ཞིག་གིས་རྒྱུན་དུ་རྗེས་ལུས་ཐེབས་པའི་བུ་ལ"དངོས་གནས་ཡིད་སྐྱོ་བ་ལ་ཨང་། ངས་རླངས་འཁོར་སྐོར་ནས་ཁྱོད་བསྐྱལ་ཐུབ་ཀྱི་མི་འདུག  དེ་ནི་ཁྱོད་རང་ལན་པས་རེད།  ཁྱོད་ཀྱིས་ནངས་ཟས་རོལ་རྒྱུ་སྐྱུར་རམ་ཡང་ན་རྗེས་ལུས་བྱ་རྒྱུ་ཡིན"ཞེས་ཟེར་བ་རེད།
9. 
འགན་ཁུར་བ།  གཟབ་ནན་གྱི་འཇར་མན་ཁྱིམ་ཚང་ནས་གལ་ཏེ་བྱིས་པས་རང་གི་ལྭ་བཀྲུ་རྒྱུ་དག་ལྭ་འཁྲུལ་ཆས་སུ་འཇོག་རྒྱུ་བརྗེད་པ་ཡིན་ན། ཁོས་མུ་མཐུད་དུ་ལྭ་འབག་བཙོག་ཅན་དེ་གྱོན་དགོས་པ་རེད།
10. 
གཞུང་དྲང་།  འཇར་མན་གྱི་ཁྱིམ་བདག་རྣམས་ཀྱིས་སྔོན་ལ་རང་དཔེ་གཞན་སྟོན་བྱེད། རྒྱུན་དུ་བྱིས་པར་དུས་ཆད་ལ་བརྩི་སྲུང་ལས་རང་དགར་དམ་ཚིག་འཇོག་མི་རུང་བ་དང་། ཁས་བླངས་ཟིན་པའི་དོན་དག་དེ་ངེས་བསྟན་གྱི་དུས་ཚོད་ནང་སྒྲུབ་ཚར་དགོས་པའི་སློབ་གསོ་རྒྱག་པ་རེད།
11. རང་རྟོན།  འཇར་མན་གྱི་ཁྱིམ་བདག་གིས་རང་གི་བྱིས་པའི་རང་རྟོན་གསོ་སྐྱོང་ལ་མཐོང་ཆེན་བྱེད་པ་ཡིན། འཕེལ་རྒྱས་ཅུང་ཙམ་ལས་མེད་ཀྱང་། ཁྱིམ་བདག་གིས་དེ་ལས་ལྷག་པའི་སྐུལ་འདེད་དང་བསྟོད་བསྔགས་བྱེད་པ་རེད།
12. མཉམ་འབྲེལ།  འཇར་མན་རྒྱལ་ཁབ་ཏུ་ཁྱིམ་དང་སློབ་གྲྭ་གང་ནས་ཡིན་ཡང་།  ཚང་མས་བྱིས་པ་ལ་དམིགས་པའི་སྤྱི་བའི་བྱ་འགུལ་སྤེལ་བ་རེད། རྒྱུ་མཚན་ནི་འཇར་མན་ལ་འདི་འདྲའི་བཤད་སྲོལ་ཞིག་ཡོད་དེ། “Wer alleine arbeitet , addiert. Wer zusammen arbeitet, multipliziert.”"མི་གཅིག་གི་འབད་བརྩོན་ནི་སྣོན་རྩིས་དང་འདྲ་ཞིང་། ཚོགས་པ་ཞིག་གི་འབད་བརྩོན་ནི་སྒྱུར་རྩིས་དང་འདྲ"ཞེས་པ་དེའོ།།
 
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།