སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཡ་ཧུ་དྷ་པས་ན་ཆུང་བྱིས་པར་སློབ་གསོ་གཏོང་བའི་ཐབས་ལམ་ཁག་དྲུག

སྤེལ་དུས། 2017-01-08 11:27:17    རྡེབ་ཚད།
མཉམ་སྤྱོད་གནས།
   

  ཡ་ཧུ་དྷ་པའི་མི་རིགས་ཀྱིས་འཛམ་གླིང་མི་འབོར་གྱི་0.3%ལས་ཟིན་གྱི་མེད་རུང་། ནོ་བྷེལ་གཟེངས་བསྟོད་ཐོབ་པའི་བསྡུར་ཚད་ནི་མི་རིགས་གཞན་ལས་ལྡབ་བརྒྱ་ཕྲག་གིས་མང་བ་ཡོད།   ཨ་མི་རི་ཁ་བར་ཁ་རྒྱུན་འདི་འདྲ་ཞིག་དར་ཡོད་པ་ནི།    གོ་ལ་ཡོངས་ཀྱི་རྒྱུ་ནོར་ཨ་རིར་ཡོད་པ་དང་།  ཨ་རིའི་མིའི་རྒྱུ་ནོར་ཡ་ཧུ་དྷ་པའི་སྦ་ཁུག་ནང་ཡོད་པ་གླེང་བཞིན་པ་ལྟར་རེད། གཤམ་ལ་ཡ་ཧུ་དྷ་པས་ན་ཆུང་བྱིས་པར་སློབ་གསོ་གཏོང་བའི་ཐབས་ལམ་རྩེར་སོན་ཁག་དྲུག་ཆེད་མངགས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་ནས་འདིར་འགོད་སྤེལ་ཞུ་དོན་ནི།  རིགས་རུས་གཅིག་པའི་ཕ་མ་རྒན་རབས་ཚོས་བུ་ཕྲུག་ཚོར་སློབ་གསོ་གཏོང་བའི་ཐབས་ལམ་ལ་ཅུང་ཟད་ཕན་ཐོགས་ན་སྙམ་པ་ཡིན། 

 

  དཔེ་དེབ་ཀྱི་བྲོ་བ་མངར་མོ་ཡིན་པ་ཤེས་སུ་འཇུག་པ།

   ཡ་ཧུ་དྷ་པའི་མི་རིགས་ཀྱི་ཁྱིམ་ཚང་ཚང་མས། ཕྲུ་གུ་གོ་རྟོགས་ཅུང་ཟད་ལོན་ཚེ།   མ་ཡུམ་གྱིས་དམ་པའི་གསུང་རབ་ཁ་ཕྱེ་ནས་དེའི་སྟེང་སྦྲང་རྩིའི་ཐིགས་པ་བསྣུན་པའི་རྗེས། བུ་ཕྲུག་ཚོ་གསུང་རབ་སྟེང་གི་སྦྲང་རྩི་མངར་མོ་ལྕེ་ལྡག་བྱེད་དུ་འཇུག་གི་ཡོད། བྱ་ལུགས་དེའི་དམིགས་ཡུལ་ནི་བུ་ཕྲུག་ཚོར་དཔེ་དེབ་ཀྱི་བྲོ་བ་མངར་མོ་ཡིན་པ་ཤེས་སུ་འཇུག་པའི་ཆེད་དུ་རེད།  གནའ་དུས་སུ་ཡ་ཧུ་དྷ་པའི་དུར་གླིང་དུ་རྟག་པར་དཔེ་དེབ་འཇོག་གི་ཡོད། ཤོད་རྒྱུན་ལ་མི་རྣམས་གཉིད་ལ་ཡུར་བའི་ཁུ་སིམ་ལྷིང་འཇགས་ཀྱི་མཚན་དགུང་དུ་གཤིན་པོ་ཚོ་ཕྱིར་དོན་ནས་དཔེ་དེབ་བལྟ་བར་ཡོང་གི་ཡོད་ཟེར། ཨ་ཅང་ཅང་། དེར་དོན་སྙིང་ཟབ་མོ་ལྡན་ཡོད་པ་ནི། ས་པཎ་གྱིས་གསུངས་པ་བཞིན། རིག་པ་ནང་པར་འཆི་ཡང་བསླབ། །   ཚེ་འདིར་མཁས་པར་མ་འགྱུར་ཀྱང་། ། སྐྱེ་བ་ཕྱི་མར་བཅོལ་བ་ཡིས།། ནོར་ལ་རང་ཉིད་ལེན་དང་མཚུངས། །  ཞེས་པ་ལྟར་རེད། 

   ཡ་ཧུ་དྷ་པའི་ཁྱིམ་ཚང་ལ་ད་དུང་ཕ་མེས་ཡང་མེས་ནས་ཆུ་རྒྱུན་ལྟར་རྒྱུན་བཙུགས་པའི་སྲོལ་བཟང་ཞིག་ཡོད་པ་ནི། དཔེ་སྒམ་ནམ་ཡང་རྔས་འགོར་འཇོག་པ་ལས། ཉལ་གཞུག་ཏུ་འཇོག་སྲོལ་མེད། གལ་སྲིད་དཔེ་དེབ་ཉལ་གཞུག་ཏུ་བཞག་ན་དཔེ་དེབ་ལ་བརྩི་འཇོག་མེད་པར་རྩིས་ནས་བཀག་འགོག་ནན་པོ་བྱེད་སྲོལ་ཡོད། ཡ་ཧུ་དྷ་པས་དཔེ་དེབ་མེ་བསྲེགས་གཏོང་གི་མེད། ཐ་ན་ཡ་ཧུ་དྷ་པ་རང་ཉིད་ལ་གནོད་པའི་དཔེ་དེབ་ཅིག་ཡིན་ཡང་རུང་། ཡ་ཧུ་དྷ་པ་དཔེ་དེབ་ལ་རབ་ཏུ་དགའ་བའི་རྒྱུན་སྲོལ་ལོ་རྒྱུས་ཡུན་རིང་ཞིང་།  མི་སེམས་སུ་ཟུག་པ་ཞིག་རེད།   མཉམ་སྦྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་༡༩༨༨ལོར་བརྟག་དཔྱད་བྱས་པའི་གྲངས་གཞི་ཞིག་ལས་མངོན་པར། ཡ་ཧུ་དྷ་པའི་མི་འབོར་གྱིས་མི་འབོར་གཙོ་བོ་བཟུང་བའི་ཨི་སི་རན་རྒྱལ་ཁབ་ལ། ལོ་༡༤ཡན་ཟིན་པའི་ཨི་སི་རན་གྱི་མིས་ཆ་སྙོམས་ཟླ་བ་རེར་དེབ་རེ་བལྟ་ཀློག་བྱེད་ཀྱི་ཡོད། རྒྱལ་ཁབ་དེར་ཁྱོན་དཔེ་མཛོད་ཁང་སྟོང་ཕྲག་གཅིག་ཡོད་ཅིང་།  ཆ་སྙོམས་བྱས་ན་མི་༤༥༠༠ལ་དཔེ་མཛོད་ཁང་རེ་ཡོད་པ་རེད།  རྒྱལ་ཁབ་དེར་ཁྱོན་མི་གྲངས་ཁྲི་༤༥༠ལས་མེད་ཀྱང་དཔེ་དེབ་གཡར་ཆོག་པའི་ལག་འཁྱེར་ལྡན་པའི་མི་གྲངས་ཁྲི་༡༠༠ཙམ་ཟིན་པ་དང་།  ཆ་སྙོམས་མི་རེར་དཔེ་དེབ་ཡོད་ཚད་དང་། དཔེ་སྐྲུན་ཁང་། དེ་བཞིན་ལོ་ལྟར་ཆ་སྙོམས་མི་རེས་དཔེ་དེབ་ཀློག་གྲངས་བཅས་ཀྱི་བསྡུར་ཚད།  འཛམ་གླིང་ཐོག་གི་རྒྱལ་ཁབ་སུས་ཀྱང་འགྲན་ཟླ་བྲལ་བ་ཞིག་རེད། 

   ༢ སུས་ཀྱང་བརྐུ་འཕྲོག་མི་ཐུབ་པའི་རྒྱུ་ནོར་ཞིག

   ཡ་ཧུ་དྷ་པའི་ཁྱིམ་ཚང་གི་བུ་ཕྲུག་ཚོས། སྤྱིར་ན་གབ་ཚིག་ཅན་གྱི་དྲི་བ་འདི་འདྲ་ཞིག་ལ་ངེས་པར་ལན་རྒྱག་དགོས་པ་སྟེ།  གལ་སྲིད་ཉིན་ཞིག་རང་གི་ཁང་པ་མེས་འཚིགས་པ་དང་། རྒྱུ་ནོར་ཡོད་ཚད་མིས་རྐུ་འཁྱེར་བྱས་ན། རང་གིས་ཅི་ཞིག་འཁྱེར་ནས་བྲོས་དགོས་སམ། ”  གལ་ཏེ་བུ་ཕྲུག་ཚོས་དེའི་ལན་དུ་དངུལ་ལམ་ཕ་ལམ་འཁྱེར་དགོས། ཞེས་ལབ་ན།   ཨ་མས་ཡང་བསྐྱར་མུ་མཐུད་ནས་གཟུགས་དང་། ཁ་དོག དྲི་བཅས་མེད་པའི་ནོར་བུ་ཞིག་ཡོད། རང་གིས་དེ་ག་རེ་ཡིན་པ་ཤེས་སམ་ཞེས་དྲི་བ་འཕར་མ་ལེན་ངེས། གལ་སྲིད་དོན་དེར་ཕྲུ་གུས་ད་དུང་ལན་འདེབས་མ་ཐུབ་ན་ཨ་མས་ངང་རྒྱུད་རིང་པོའི་སྒོ་ནས། རང་གིས་འཁྱེར་དགོས་པ་དངུལ་མ་རེད། ཕ་ལམ་ཡང་མ་རེད། བློ་རིག་འཁྱེར་དགོས། གང་ཡིན་ཞེ་ན་བློ་རིག་ནི་སུས་ཀྱང་འཕྲོག་ཐབས་བྲལ་བ་ཞིག་རེད། གལ་སྲིད་རང་གསོན་པོར་གནས་ཚེ། བློ་རིག་ནམ་ཡང་ཁྱེད་ཀྱི་རྣམ་ཤེས་དང་ལྷན་དུ་འགྲོགས་ངེས་ཞེས་ཤོད་ངེས་རེད། 

 ༣ དྲི་བ་དང་དྲི་ལན་གཉིས་ཀ་གལ་ཆེན་པོར་འཛིན་པ།

   ཡ་ཧུ་དྷ་པས་རིག་གནས་ལ་མཐོང་ཆེན་བྱེད་པ་ཙམ་མ་ཟད། དེ་བས་འཇོན་ནུས་ལ་ཧ་ཅང་སྣང་ཆེན་བྱེད་ཀྱི་ཡོད། ཁོང་ཚོས་ཤེས་བྱ་རིག་གནས་ལྡན་པ་ལས་འཇོན་ནུས་མེད་པའི་མི་དེ་དཔེ་དེབ་མང་པོ་ཁུར་བའི་བོང་བུ་ཞིག་ལ་དཔེ་འཇོག་གི་ཡོད། ཁོང་ཚོས། སྤྱིར་བཏང་གི་སློབ་སྦྱོང་ནི་ལས་མོའི་བྱ་ལས་ཞིག་ལས་མ་འདས་ཤིང་། དེ་ལ་གསར་གཏོད་ཅི་ཡང་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། སློབ་སྦྱོང་བྱེད་དུས་བསམ་གཞིག་བྱ་རྒྱུ་རྨང་གཞིར་འཛིན་དགོས། བསམ་གཞིག་ནི་དོགས་སློང་དང་དྲི་ལན་གྱིས་བསྒྲུབ་པ་ཞིག་རེད། དེར་བརྟེན་དྲི་བ་དང་དྲི་ལན་གཉིས་ཀ་ཧ་ཅང་གལ་ཆེན་པོ་ཞིག་རེད།   དམིགས་བསལ་གྱི་ངེས་ཤེས་དེ་འདྲའི་དབང་གིས། ཡ་ཧུ་དྷ་པའི་ཁྱིམ་ཚང་གིས་བུ་ཕྲུག་དང་བསམ་བློ་བརྗེ་རེས་བྱེད་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། བུ་ཕྲུག་ཚོར་ཐོག་མཐའ་བར་གསུམ་དུ་མི་རྒན་པས་སློབ་གསོ་དང་མཛུབ་ཁྲིད་བྱེད་ཀྱི་ཡོད། ཕྲུ་གུ་ཚོས་མི་རྒན་པ་དང་མཉམ་དུ་གཏམ་གླེང་དང་གནད་དོན་ལ་བགྲོ་གླེང་བྱེད་ཆོག་གི་ཡོད་ལ། མཚམས་རེ་མི་རྒན་པ་ཚོ་དང་མཉམ་དུ་ཐག་མི་ཆོད་པའི་རྩོད་པ་ཤོར་འགྲོ་བའང་ཡོད།  དེ་དག་ཐམས་ཅད་ཀྱི་དམིགས་ཡུལ་ནི་ཕྲུ་གུ་ཚོ་སློབ་སྦྱོང་དང་ཞིབ་འཇུག་གི་འགྲོ་ལམ་ཡངས་པོའི་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་བྱས་པ་ཞིག་རེད། སོམ་ཉི་བྱ་མི་དགོས་པ་ཞིག་ལ།  ཡ་ཧུ་དྷ་པའི་སྐད་གྲགས་ཅན་གྱི་ཁ་རྩལ་དང་རིག་ནུས་དེ་ལྟར་བྱས་ནས་ཡང་རྩེ་རུ་སོན་པ་ཞིག་རེད། 

 ༤  རིག་གནས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བློ་རིག་འཕེལ་བའི་ཆེད་དུ་ཡིན་པ།

   ཡ་ཧུ་དྷ་པའི་མི་རིགས་ཀྱིས་རིག་གནས་ཀྱི་ཤེས་ཚད་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད།   འོན་ཀྱང་བློ་རིག་དང་བསྡུར་ན། ཤེས་ཚད་ནི་དེ་ལས་རིམ་པ་དམའ་བར་འཇོག་གི་ཡོད། ཁོང་ཚོས་ཤེས་བྱ་རིག་གནས་ལྡན་པ་ལས་བློ་རིག་མེད་པའི་མི་དེ། གོང་གསལ་བཞིན་དཔེ་དེབ་མང་པོ་ཁུར་བའི་བོང་བུ་ཞིག་ལ་དཔེ་འཇོག་གི་ཡོད། ཡ་ཧུ་དྷ་པའི་ངོས་ནས་བརྗོད་ན། མི་དེ་འདྲར་ཤེས་བྱ་རིག་གནས་ཡོད་ཀྱང་། ཕན་མེད་ཟོག་རོ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། མ་ཟད། ཤེས་བྱ་རིག་གནས་སྦྱོང་བ་ནི་དགེ་སྦྱོང་གི་ཆེད་དུ་ཡིན་པས།    ཤེས་བྱ་རིག་གནས་འཁྱེར་ནས་མི་དགེ་བའི་ལས་བྱས་ན།     ཤེས་བྱ་རིག་གནས་དེ་དུག་གི་ཉིང་ཁུ་ལྟ་བུར་འགྱུར་བ་དང་ཁྱད་པར་མེད། དེར་བརྟེན། ཡ་ཧུ་དྷ་པས་རིག་གནས་ནི་བློ་རིག་ལ་བརྡར་ཤ་གཅོད་པའི་ཆེད་དུ་གནས་ཡོད་པར་ངོས་འཛིན་བྱེད། དཔེ་ཆ་བཞག་ན་རིག་གནས་མང་པོ་སྦྱངས་ཤིང་བློ་མཛོད་དུ་གསོག་པ་ལས་དེ་ལེགས་ལམ་དུ་བེད་སྤྱོད་མ་བཏང་ན། དཔེ་དེབ་མང་པོ་གད་སྙིགས་ལྟར་སྤུངས་ནས་བཞག་པ་ལས་བེད་སྤྱོད་མ་བཏང་ན་འཕྲོ་བརླགས་ཡིན་པར་ངོས་འཛིན་བྱེད། 

 ༥ ཕྲུ་གུས་ནོར་འཁྲུལ་ཤོར་ན། ཆེས་དོ་ནན་དང་ཆེས་ནུས་ལྡན་གྱི་སློབ་གསོའི་ཐབས་ལམ།

   དེ་ཡང་ཁ་བརྡུང་བཅར་བརྡུང་མ་བཏང་བར་ཚང་མས་ངག་མི་གྲགས་པ་དང་། ཁ་ཡ་མི་བྱེད་པ་དེ་རེད། 

 

 ༦ ཕྲུ་གུའི་སློབ་སྦྱོང་ཐད་སློབ་གསོ་རྒྱག་སྟངས།

   ཕྲུ་གུའི་སློབ་སྦྱོང་ཐད་སློབ་གསོ་རྒྱག་སྟངས་ནི། ཁོའི་མི་གཤིས་ཡིན་པ་ལས། བྱ་སྤྱོད་མ་ཡིན། ། 

 

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།