སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་གསོའི་ལག་ལེན་ལས་བྱུང་བའི་སྡོམ་ཚིག་བཅུ།

སྤེལ་དུས། 2017-01-25 21:35:56    རྡེབ་ཚད།
མཉམ་སྤྱོད་གནས།
   

 

སློབ་གསོའི་ལག་ལེན་ལས་བྱུང་བའི་སྡོམ་ཚིག་བཅུ།
རླངས་ཚ་སྐལ་རྒྱམ་གྱིས།

༡ དགེ་རྒན་གྱིས་སློབ་མར་འཇོན་ཐང་ངོམས་པའི་བར་སྟོང་མང་ཙམ་བྱིན་ན། ཁྱོད་ཀྱིས་སློབ་མའི་སྟེང་གི་སྣ་འཛོམས་ཀྱི་འཇོན་ནུས་མང་ཙམ་མཐོང་ཐུབ་པ་མ་ཟད།བློ་ཡུལ་འདས་པའི་ཤེས་རྟོག་གི་ཐབས་ལམ་གསར་བ་ཡང་རྙེད་ཐུབ།
༢ འཚོ་བ་ནི་ཤེས་རིག་གི་འབྱུང་ཁུངས་དང་ཤེས་རིག་ནི་འཚོ་བའི་སྒྲོན་འོད་ལྟ་བུ་ཡིན་པས་སློབ་མར་འཚོ་བ་དངོས་ཀྱི་ལག་ལེན་དུ་ཞུགས་པར་སྐུལ་ན།ཁོ་ཚོས་འཚོ་བའི་དཀའ་སྡུག་གི་དབྱེ་བ་རྟོགས་ཐུབ་ལ།མི་ཚེའི་རིན་ཐང་གི་སྙིང་དོན་ཡང་རྟོགས་ཐུབ།
༣ དགེ་རྒན་གྱིས་སློབ་མར་གཅེས་སེམས་འཛིན་པ་ནི་སློབ་གསོའི་ཡོད་ཚད་ཀྱི་རྨང་གཞི་ཡིན་པས།གཅེས་སེམས་མེད་པའི་སློབ་གསོ་ནི་བཙན་སྐུལ་གྱི་སློབ་གསོ་ཞིག་དང་མདུན་ལམ་མེད་པའི་སློབ་གསོ་ཞིག་ཡིན།
༤ སློབ་མ་ནི་གསར་དུ་བཞད་པའི་མེ་ཏོག་དང་།དགེ་རྒན་ནི་མེ་ཏོག་དེ་དང་འབྲེལ་བའི་རྫ་བུམ་དང་འབྱུང་བཞིའི་སྦྱོར་བ་ལྟ་བུ་ཡིན་པས།དགེ་རྒན་ནི་སློབ་མའི་ཡོད་ཚད་ལ་སྒུལ་ཤུགས་དང་སྟོབས་ཤུགས་སྦྱིན་ཐུབ་པའི་སྙིང་གི་འཕར་རྩར་འགྱུར་རྒྱུར་འབད་དགོས།
༥ སློབ་གསོ་ལེགས་འགྲུབ་བྱུང་མིན་ནི་སློབ་གསོ་མྱོང་མཁན་དང་སློབ་གསོ་བསྒྲུབ་མཁན་གཉིས་ཀྱི་སྟེང་ནས་མངོན་དགོས་པས།སློབ་མ་ནི་ང་ཚོའི་ཚོད་ལྟའི་རྒྱུ་ཆ་ཞིག་དང་འགན་ཁུར་དུ་ངེས་པའི་ལས་ཀ་ཞིག་ཏུ་གཏན་ནས་བརྩི་རུང་།
༦ དགེ་རྒན་གྱིས་རང་གི་བརྩེ་སེམས་སློབ་མར་འབུལ་དགོས་པ་ལས་རང་ཉིད་ཀྱི་བསམ་བློའི་འདོད་ཚུལ་འབུལ་མི་དགོས།སློབ་མ་ཁོ་ཚོར་ཡང་རང་འདོད་ཀྱི་བསམ་བློ་རེ་ཡོད་པས།ང་ཚོས་ཁོ་ཚོའི་བསམ་བློའི་གཏེར་ཁ་བསྔོག་འདོན་དང་བེད་སྤྱོད་གཏོང་སྟངས་ཀྱི་ཐངས་ལམ་འཚོ་དགོས།
༧ སློབ་གསོའི་དམིགས་ཡུལ་ནི་སློབ་གསོ་མྱོང་མཁན་གྱི་བསམ་བློའི་གོ་རྟོག་དང་འཚོ་བའི་བདེན་པ་ལ་འགྱུར་བ་གཏོང་བ་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཏུ་གཏོང་རྒྱུ་དེ་ཡིན། དེ་ལས་ལྡོག་ན་སློབ་གསོ་ནི་སློབ་གསོད་དུ་གྱུར་ནས་མི་རབས་རྗེས་མའི་མདུན་ལམ་ལ་ཚེར་མའི་ས་བོན་གཏོར་ནས་རིན་ཐང་མི་མངོན་པའི་མི་གཤིས་ངན་པའི་མི་བུ་ཞིག་བསྐྱེད་ངེས་རེད།
༨ སློབ་མའི་སློབ་སྦྱོང་གི་ལས་ཀ་ནི་སློབ་མ་རང་ཉིད་ལ་བསྒྲུབ་དུ་འཇུག་དགོས་པ་ལས་དགེ་རྒན་གྱིས་སྒྲུབ་དགོས་པ་ཞིག་མ་ཡིན་པར།དགེ་རྒན་གྱིས་ལམ་སྟོན་ཕྱོགས་འཁྲིད་ཀྱི་ནུས་པ་བཏོན་ནས་སློབ་མར་བློ་སྒོ་འབྱེད་པའི་སེམས་ཁམས་ཀྱི་ནུས་པ་བསྔོག་འདོན་བྱས་ན་ད་བཟོད་རིན་ཐང་བརྩོན་ལེན་གྱི་སྙིང་སྟོབས་དར་སྤེལ་གཏོང་ཐུབ།
༩ དགེ་རྒན་གྱི་ཆེས་ལེགས་པའི་སེམས་ཁམས་དང་སྣ་འཛོམས་རང་བཞིན་གྱི་མི་གཤིས་ནི་བརྩེ་སེམས་སློབ་གསོའི་སྙིང་དོན་ཡིན་པས་ཤེས་རིག་སློབ་གསོ་ལས་འགན་འཁུར་ལྕི་བ་ཡོད།དེ་བས་སློབ་མའི་སློབ་སྦྱོང་གི་ལས་དོན་ལེགས་འགྲུབ་བྱུང་བའི་འབྱུང་རྩ་ཡང་དགེ་རྒན་གྱི་བརྩེ་སེམས་རག་ལས་པ་ཡིན།
༡༠ དགེ་རྒན་གྱིས་སློབ་མའི་གནས་ཚུལ་ཐ་དག་ལ་རྒྱུས་ལོན་བྱེད་རྒྱུ་ནི་སློབ་གསོ་གོང་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས།སློབ་མའི་སློབ་སྦྱོབ་དང་སྒྱུ་རྩལ་གྱི་འབྲས་བར་དཔྱད་འཇོག་བྱེད་སྐབས་ཐོག་མར་སློབ་མའི་སེམས་ཁམས་ཀྱི་གནས་བབས་ལ་དཔྱད་འཇོག་བྱས་ན་ད་བཟོད་ནུས་བསྟུན་གྱི་སློབ་གསོའི་ཁ་ཕྱོགས་རྙེད་ཐུབ།
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།