སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་ཆུང་སློབ་མའི་ཉིན་རྒྱུན་གྱི་ཚད་ལྡན་སྤྱོད་ལམ།

སྤེལ་དུས། 2017-01-01 11:10:50    རྡེབ་ཚད།
མཉམ་སྤྱོད་གནས།
   

༡ རྒྱལ་དར་དང་རྒྱལ་རྟགས་ལ་བརྩི་བཀུར་བྱེད་པ། རྒྱལ་གླུ་ལེན་ཤེས་པ། རྒྱལ་དར་བསྒྲེང་འབེབ་དང་རྒྱལ་གླུ་དཀྲོལ་ལེན་བྱེད་དུས་གུས་སྟབས་ཀྱིས་ལངས་པ་དང་། ཞྭ་ཕུད་པ། གུས་པའི་མིག་གིས་བལྟ་བ། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་རུ་ཁག་གི་གུས་འདུད་ཞུ་བ།

༢ ཕ་མར་བརྩི་བཀུར་དང་། ཕ་མའི་ལུས་པོའི་བདེ་ཐང་ལ་སེམས་ཁུར་བྱེད་པ། རང་འགུལ་གྱིས་ཁྱིམ་ཚང་ལ་རང་ནུས་ཀྱི་ལས་ཀ་ལས་པ། ཕ་མ་དང་རྒན་རབས་པའི་མཛུབ་སྟོན་ལ་ཉན་པ། སྒོར་འགྲོ་བའམ་ཁྱིམ་དུ་སླེབས་དུས་རང་འགུལ་གྱིས་བརྡ་གཏོང་བ།

༣ དགེ་རྒན་ལ་བརྩི་བཀུར་བྱེད་པ། ངོ་འཕྲད་དུས་གུས་འདུད་ཞུ་བ། རང་འགུལ་གྱིས་ཁམས་བདེ་འདྲི་བ། དགེ་རྒན་གྱི་མཛུབ་སྟོན་དང་ལེན་བྱེད་པ། དགེ་རྒན་དང་བརྗེ་རེས་བྱེད་པ།

༤ རྒན་བཀུར་གཞོན་གཅེས་བྱེད་པ་དང་། མི་ལ་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ། སློབ་གྲོགས་བར་དུ་མཛའ་མཐུན་མཉམ་འདྲིས་དང་། ཕན་ཚུན་སེམས་ཁུར། ཕན་ཚུན་རོགས་རམ་བྱེད་པ། གཉོམ་ཆུང་ལ་བརྙས་བཅོས་མི་བྱེད་པ། མི་གཞན་ལ་འཕྱ་དགོད་མི་བྱེད་པ་དང་མི་གཞན་རྩེ་སྤྱད་མི་བྱེད་པ། དབང་པོ་སྐྱོན་ཅན་ལ་བརྩི་བཀུར་བྱེད་པ། མི་གཞན་གྱི་མི་རིགས་ཀྱི་གོམས་གཤིས་ལ་བརྩི་བཀུར་བྱེད་པ།

༥ མི་ལ་གུས་ཞབས་ཡོད་པ། སྐད་ཆ་སྙན་པར་སྨྲ་བ། སྤྱི་སྐད་བཤད་པ། གུས་ཞབས་ཀྱི་སྐད་ཆ་སྤྱོད་ཤེས་པ། མི་ལ་སྡིགས་དམོད་མི་བྱེད་པ། རྡུང་རེས་མི་རྒྱག་པ། གཞན་གྱི་ཁང་པར་འགྲོ་དུས་སྔོན་ལ་སྒོ་རྡུང་བ། ཡིད་འཐད་བྱུང་རྗེས་ད་གཟོད་ནང་དུ་འགྲོ་བ། གང་འདོད་དུ་གཞན་གྱི་དངོས་པོ་མི་སྔོག་པ། མི་གཞན་གྱི་སློབ་སྦྱོང་དང་བྱ་བ། ངལ་གསོ་ལ་བར་ཆད་མི་བཟོ་བ།

༦ ཁ་བཤད་དོན་ལ་གནས་པ། རྫུན་མི་བཤད་པ། ནོར་བ་ཤེས་ན་བཅའ་བ། གང་འདོད་དུ་གཞན་གྱི་དངོས་པོ་མི་ཁྱེར་བ། དངོས་པོ་གཡར་བ་དུས་ལྟར་ཕྱིར་སྤྲོད་པ། གཞན་ལ་ཁས་བླངས་པའི་བྱ་བ་ཧུར་བརྩོན་གྱིས་སྒྲུབ་པ། བསྒྲུབ་མི་ཐུབ་པའི་དུས་སུ་དགོངས་དག་ཞུ་བ། རྒྱུགས་སྤྲོད་དུས་བརྐུ་འབྲི་མི་བྱེད་པ།

༧ གཞན་གྱི་ཡོན་ཏན་དང་ལེགས་ཆར་ཁེངས་སྐྱུང་གིས་སློབ་སྦྱོང་བྱེད་པ། གཞན་ལ་ཕྲག་དོག་མི་བྱེད་པ། འགལ་རྐྱེན་དང་ཕམ་ཁར་འཕྲད་ན་བློ་མི་ཕམ་པ་དང་སྤོབས་པ་མི་ཉམས་པ། དཀའ་ཁག་དང་འཕྲད་ན་འབད་བརྩོན་བྱེད་པ།

༨ འབྲུ་རིགས་དང་། སློབ་སྦྱོང་ངམ་འཚོ་བའི་སྤྱོད་ཆས་ལ་གཅེས་སྤྲས་བྱེད་པ། ཆུ་གློག་ལ་གྲོན་ཆུང་བྱེད་པ། ཟས་གོས་ཀྱི་བཟང་ངན་མི་འགྲན་པ། གང་འདོད་དུ་སྒོར་མོ་མི་བཀོལ་བ།

༩ གྱོན་གོས་གྲལ་དག་པ། རྒྱུན་དུ་ཁྲུས་བྱེད་པ། སེན་མོ་གཅོད་པ། མགོ་བཀྲུ་བ། ནངས་དགོང་ལ་སོ་བཀྲུ་བ། ཟས་སྔོན་དང་བཤང་རྗེས་ལག་པ་བཀྲུ་བ། རང་གིས་ནུས་པ་རང་གིས་སྒྲུབ་པ། གྱོན་གོས་གྲལ་དག་མོར་འཇོག་པ། ཁང་པར་གཙང་སྦྲ་བྱེད་པ་དང་། གྱོན་གོས་བཀྲུ་བ། ཟས་ཆས་བཀྲུ་བ་སོགས་ཀྱི་ཁྱིམ་ལས་ལས་ཤེས་པ།

༡༠ དུས་ལྟར་སློབ་གྲྭར་འགྲོ་བ། ཕྱི་འབྱོར་དང་སྔ་ལོག སློབ་བྱོལ་མི་བྱེད་པ། ནད་བྱུང་བ་དང་དོན་དག་ཡོད་ན་གནང་བ་ཞུ་བ། སློབ་གྲྭ་གྲོལ་རྗེས་དུས་ལྟར་ཁྱིམ་དུ་ལོག་པ། བྱེད་སྒོར་ཞུགས་སྐབས་དུས་ཚོད་བརྩི་སྲུང་བྱེད་པ། བྱ་བར་ཞུགས་མི་ཐུབ་ཚེ་སྔོན་ལ་གནང་བ་ཞུ་བ།

༡༡ སློབ་ཁྲིད་ཀྱི་སྔོན་ལ་སློབ་སྦྱོང་གི་སྤྱོད་ཆས་གྲ་སྒྲིག་བྱེད་པ། སློབ་ཁྲིད་ཀྱི་སྐབས་རྣ་བ་བླགས་ནས་ཉན་པ། ཧུར་བརྩོན་གྱིས་བསམ་གཞིག་བྱེད་པ། སྤོབས་པ་བསྐྱེད་དེ་དྲི་བ་འདོན་པ། དྲི་བར་ལན་འདེབས་དུས་སྐད་གདངས་གསལ་བོ་ཡིན་པ། གང་འདོད་དུ་གཞན་གྱི་གཏམ་མཚམས་མི་གཅོད་པ། སློབ་གསེང་གི་བྱེད་སྒོ་གོ་རིམ་ཡོད་པ།

༡༢ སློབ་ཁྲིད་སྔོན་དུ་སྔོན་སྦྱོང་བྱེད་པ། སློབ་ཁྲིད་རྗེས་སུ་ནན་ཏན་གྱིས་བསྐྱར་སྦྱོང་བྱེད་པ། དུས་ལྟར་ལས་བྱ་ཡོངས་འགྲུབ་བྱེད་པ། ཡི་གེ་གྲལ་དག་པ། རྒྱུགས་ཤོག་གི་ངོས་གཙང་མ་ཡིན་པ།

༡༣ ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་པ། རྒྱང་སྒྲོག་ལུས་སྦྱོང་དང་མིག་སྲུང་སྦྱོང་རྩལ་ནན་ཏན་གྱིས་རྩེ་བ། ཙོག་པ། ལངས་པ། འགྲོ་བ། དཔེ་ཀློག ཡིག་འབྲི་བཅས་ཀྱི་ལུས་ཚུགས་ཚད་ལྡན་ཡིན་པ། ཕན་པ་ཡོད་པའི་རིག་གནས་དང་ལུས་རྩལ་བྱེད་སྒོར་ཧུར་བརྩོན་གྱིས་ཞུགས་པ།

༡༤ ལས་རེས་ནན་ཏན་གྱིས་བསྒྲུབས་ཏེ། སློབ་ཁང་དང་སློབ་ར་གཙང་མ་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཁོར་ཡུག་སྲུང་སྐྱོབ་བྱེད་པ། མེ་ཏོག་དང་རྩྭ། ལྗོན་ཤིང་། ལོ་ཏོག ཕན་ལྡན་སྲོག་ཆགས་བཅས་ལ་གཅེས་སྐྱོང་བྱེད་པ། གང་སར་ཁ་ལུད་མི་འཕེན་པ། གང་སར་སིལ་ཤུན་དང་ཤོག་སྙིགས་སོགས་གད་སྙིགས་མི་འཕེན་པ།

༡༥ གཞུང་རྒྱུ་ལ་གཅེས་སྤྲས་བྱེད་པ། སློབ་གྲྭའི་ཅོག་ཙེ་དང་འདུག་སྟེགས། བཟོ་སྐྲུན་དངོས་པོ། རིག་རྫས་གནའ་ཤུལ་བཅས་ཀྱི་སྟེང་ལ་གང་འདོད་དུ་མི་འབྲི་བ། གཞུང་རྒྱུ་ལ་ཆག་སྐྱོན་བཟོས་ཚེ་སྐྱིན་ཚབ་འཇལ་བ། དངོས་པོ་རྙེད་ན་བདག་པོའམ་གཞུང་ལ་སྤྲོད་པ།

༡༦ ཐུན་མོང་གི་བྱེད་སྒོར་ཧུར་བརྩོན་གྱིས་ཞུགས་པ། ཐུན་མོང་གིས་སྤྲད་པའི་ལས་འགན་ནན་ཏན་གྱིས་ཡོངས་འགྲུབ་བྱེད་པ། ལོ་ཆུང་གདོང་ལེན་རུ་མིས་རུ་ཁག་གི་གྲོས་ཆོད་བརྩི་སྲུང་བྱེད་པ། ཐུན་མོང་གི་མཚན་སྙན་ལ་གནོད་པའི་བྱ་བ་མི་ལས་པ། ཐུན་མོང་གི་ཁོངས་མི་བར་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་མཉམ་ལས་བྱེད་ཤེས་པ། སློབ་གྲྭས་རྩ་འཛུགས་བྱས་པའི་ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་གྱི་བྱེད་སྒོ་སྣ་ཚོགས་ལ་ཧུར་བརྩོན་གྱིས་ཞུགས་ཏེ་ལྟ་ཞིབ་མང་དུ་བྱ་བ་དང་ལག་པ་མང་དུ་འགུལ་བ།

༡༧ འགྲིམ་འགྲུལ་ཁྲིམས་སྲོལ་བརྩི་སྲུང་བྱེད་པ། གཞུང་ལམ་བརྒལ་དུས་མི་བགྲོད་འཕྲེད་ལམ་དུ་འགྲོ་བ། གཞུང་ལམ་དུ་གང་འདོད་དུ་མི་འགྲོ་བ། གཞུང་ལམ་དང་། ལྕགས་ལམ། གྲུ་ཁ་བཅས་ནས་རྩེ་བ་དང་བདའ་འཛིང་མི་བྱེད་པ།

༡༨ སྤྱིའི་སྒྲིག་ལམ་བརྩི་སྲུང་བྱེད་པ། སྤྱི་སྤྱོད་གནས་ཡུལ་དུ་འཚང་ཁ་དང་སྐད་ཅོར་མི་རྒྱག་པར་གཞན་ལ་གུས་བཀུར་བྱེད་པ། སྤྱི་སྤྱོད་རླངས་འཁོར་དང་མཚོ་གྲུ་སོགས་ལ་སྡོད་སྐབས་རང་འགུལ་གྱིས་པ་སེ་ཉོ་བ། རྒན་པ་དང་བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་བཅས་ལ་རང་འགུལ་གྱིས་སྡོད་གནས་སྤྲོད་པ། བཅའ་ཁྲིམས་ལས་བཀག་པའི་བྱ་བ་མི་སྒྲུབ་པ།

༡༩ ཚེ་སྲོག་ལ་གཅེས་སྤྲས་དང་བདེ་འཇགས་ལ་མཉམ་འཇོག་བྱེད་པ། མེ་དགྲ་འབྱུང་བ་དང་། ཆུར་ལྷུང་བ། གློག་འཁྱུད་པ། རྐུན་མ་འབྱུང་བ། དུག་ཕོག་པ་སོགས་སྔོན་འགོག་བྱེད་པ། ཉེན་ཁ་ཆེ་བའི་རྩེད་མོ་མི་རྩེ་བ།

༢༠ ནང་དོན་གཙང་ཞིང་ཕན་པའི་དཔེ་དེབ་དང་ཚགས་པར། དུས་དེབ། སྒྲ་གཟུགས། དྲ་ཐོག་བརྡ་འཕྲིན་བཅས་ཀློག་པ་དང་ལྟ་བ། ནང་དོན་གཙང་བའི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་ལ་ཉན་པ་དང་ལྟ་བ། དུ་བ་མི་འཐེན་པ། ཆང་མི་འཐུང་བ། ཤོ་མི་རྒྱག་པ། དུག་རྫས་དང་རིང་དུ་བཀྱེད་པ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱེད་སྒོར་མི་ཞུགས་པ། དྲ་རྒྱ་སོགས་ནར་མ་སོན་པ་ལ་མི་འཚམ་པའི་གནས་སུ་མི་འགྲོ་བ། འཐབ་རྩོད་བྱེད་ཕོད་པ། མི་ངན་དོན་ངན་ལ་འཕྲད་ན་རང་འགུལ་གྱིས་སྙན་ཞུ་བྱེད་པ།

 

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།