སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་ཆུང་སློབ་མའི་བསྲུང་བྱ་བཅུ།

སྤེལ་དུས། 2017-01-01 11:10:27    རྡེབ་ཚད།
མཉམ་སྤྱོད་གནས།
   

༡ མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་བ།

༢ བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ། བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སློབ་གྲྭའི་སྒྲིག་ལམ་བརྩི་སྲུང་བྱེད་པ། སྤྱི་ཚོགས་ཀྱི་སྤྱོད་བཟང་བརྩི་སྲུང་བྱེད་པ། 

༣ ཚན་རིག་ལ་དགའ་བ། སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ། བསམ་གཞིག་བཏང་ནས་དྲི་བ་འདོན་པར་དགའ་བ། འཚོལ་དཔྱད་བྱེད་པར་སྤྲོ་བ། སྤྱི་ཚོགས་ལག་ལེན་དང་ཕན་ལྡན་གྱི་བྱེད་སྒོར་ཧུར་བརྩོན་གྱིས་ཞུགས་པ། 

༤ ཚེ་སྲོག་ལ་གཅེས་སྤྲས་དང་བདེ་འཇགས་ལ་མཉམ་འཇོག་བྱེད་པ། ལུས་ཕུང་སྦྱོང་བརྡར་དང་འཕྲོད་བསྟེན་ལ་དང་དོད་བྱེད་པ། 

༥ རང་གཅེས་རང་བཀུར་དང་རང་རྟོན་རང་བརྩོན་བྱེད་པ། འཚོ་བའི་གོམས་གཤིས་ལེགས་ཤིང་བདེ་ཐང་ཡིན་པ། 

༦ ངལ་རྩོལ་ལ་ཧུར་བརྩོན་གྱིས་ཞུགས་པ། དཀའ་སྤྱད་བབ་ཆགས་ཡིན་པ། རང་གིས་ནུས་པའི་བྱ་བ་རང་གིས་སྒྲུབ་པ། 

༧ ཕ་མར་སྲི་ཞུ་སྒྲུབ་པ། དགེ་རྒན་ལ་བརྩི་བཀུར་བྱེད་པ། གུས་པས་སྣེ་ལེན་བྱེད་པ། 

༨ ཐུན་མོང་ལ་དགའ་བ། སློབ་གྲོགས་ལ་མཐུན་སྒྲིལ་བྱེད་པ། ཕན་ཚུན་ལ་རོགས་རམ་བྱེད་པ། མི་གཞན་ལ་སེམས་ཁུར་བྱེད་པ། 

༩ ཁ་དན་དོན་ལ་གནས་པ་དང་གཏམ་སྤྱོད་གཅིག་གྱུར་ཡིན་པ། ནོར་བ་ཤེས་ན་བཅའ་བ། འགན་འཁྲིའི་བསམ་པ་ཡོད་པ། 

༡༠ རང་བྱུང་ཁམས་ལ་དགའ་བ། འཚོ་བའི་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ།

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།