སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཕ་མས་བུ་ཕྲུག་ལ་སློབ་གསོ་གཏོང་དགོས་པ་བཅུ་དང་མི་དགོས་པ་བཅུ།

སྤེལ་དུས། 2017-03-08 09:04:01    རྡེབ་ཚད།
མཉམ་སྤྱོད་གནས།
   

 

ཕ་མས་བུ་ཕྲུག་ལ་སློབ་གསོ་གཏོང་དགོས་པ་བཅུ་དང་མི་དགོས་པ་བཅུ།
དང་བོ། དགོས་པ་བཅུ། 
༡བུ་ཕྲུག་ལ་རང་དཔེ་གཞན་སྟོན་གྱི་མིག་དཔེ་ཡག་པོ་འཇོག་པ།
༢བུ་ཕྲུག་གི་བསམ་འཆར་ལ་བརྩི་འཇོག་དང་བསྡུ་ལེན་བྱེད་དགོས་པར་མ་ཟད་རྒྱུན་དུ་འབྲེལ་འདྲིས་བྱེད་དགོས། 
༣ བུ་ཕྲུག་ལ་འོས་འཚམ་གྱི་སྦྱོང་བ་སྤྲད་དགོས།
༤ བུ་ཕྲུག་ལ་ཡིད་ཆེས་དང་ཁ་མཚར་བསླང་དགོས། 
༥ བུ་ཕྲུག་ལ་རྟག་ཏུ་བརྩེ་བ་དང་ཐུགས་ཁུར་ངང་གསོ་སྐྱོང་གནང་དགོས།
༦གཞུང་རྒྱུད་དྲང་བ། ཉོག་གཏམ་མི་སྨྲ་བ། མང་བོ་མི་བཤད་པ། 
༧དུས་ངེས་མེད་དུ་རང་སྟོབས་རང་སྤེལ་དང་དུས་རབས་ཀྱི་རྗེས་ཆོད་དུ་འཇུག་པ།
༨ བུ་ཕྲུག་གི་དགོས་མཁོ་དག་ལ་རྒྱུས་ལོན་དགོས་པར་མ་ཟད། བྱ་སྤྱོད་འདིའི་རིགས་ལ་ཐག་གཅོད་བྱ་ཐུབ་དགོས། 
༩རྒྱུན་དུ་སློབ་གྲྭའི་དགེ་རྒན་ལ་འབྲེལ་འདྲིས་བྱས་ཏེ་བུ་ཕྲུག་ལ་སློབ་གྲྭའི་ནང་གི་གནས་ཚུལ་ལ་ཤེས་སུ་གཞུག་དགོས།
༡༠བུ་ཕྲུག་ལ་ཡང་དག་པའི་ཀུན་སྤྱོད་འདུ་ཤེས་དང་བྱ་བ་གང་ཡིན་ཡང་འགན་ཁུར་ཡོད་པ་དྲིན་ཆེན་ལ་དྲིན་ལན་ཚོར་ཤེས་ཏུ་འཇུག་དགོས།
གཉིས་པ། མི་དགོས་པ་བཅུ།
༡ཕོ་མཆོག་མོ་དམན་གྱི་ལྟ་བ་དང་ཡང་ན་བུ་ཕྲུག་གང་རུང་ལ་དགའ་བ་ནི་ནོར་འཁྲུལ་ཞིག་གོ།།
༢བུ་ཕྲུག་ཕལ་བ་དང་རྒྱུ་ནོར་གྱི་གཙོ་བོ་འཛིན་མི་རུང་།
༣རང་ཉིད་ཕ་མ་ཡིན་པའི་རྒྱུ་མཚན་དུ་བྱས་ནས་བྱ་བ་ཐམས་ཅད་འགྲིག་དགོས་ཞེས་བཤད་ནའང་ནོར་འཁྲུལ་ཞིག་གོ།།
 
༤དུ་བ་མི་འཐེན་པ་དང་ཤོ་མི་རྒྱག་པ་ཆང་ཉུང་ཙམ་བཏུང་བ་བཅས་དགོས།
༥བུ་ཕྲུག་གིས་ཉེས་བསྐྱོན་བཟོ་དུས་ཁྱོད་ཀྱིས་སྐད་གསེང་མཐོན་པོས་ངན་དམོད་དང་རྡུང་རྡེག་མ་བྱེད།
༦གཉེན་སྒྲིག་མ་བྱས་པའི་དགའ་རོགས་དག་དང་རྩོད་གླེང་ལ་ཕྲད་དུས་རང་གི་ཁྱིམ་ཚང་གི་འཆམ་མཐུན་ལ་གཏོར་བཤིག་མ་གཏོང་།
༧ རང་གི་བྱ་བ་མ་འགྲུབ་དུས་བུ་ཕྲུག་གི་སྟེང་ལ་སྡུག་དམོད་མ་གཏོང་། 
༨ ཉིན་གང་བོར་བུ་ཕྲུག་ལ་དཔེ་ཀློག་བྱེད་དུ་མ་འཇུག ཁོ་ཚོར་ལ་ཁྱིམ་ལས་བྱེད་པའི་དུས་ཚོད་རེ་ཡང་བཀོད་སྒྲིག་བྱས་ནའང་ཡག
༩དུས་ནམ་ཡང་རང་གི་རྣམ་པ་ལ་གཞན་གྱིས་ཉོག་གཏམ་གྱིས་སེམས་ཁམས་ལ་གནོན་ཤུགས་མ་སྤྲད།
༡༠ བུ་ཕྲུག་ལྟ་སྐྱོང་བྱེད་སྐབས་ནམ་ཡང་འདས་ཟིན་པའི་ནོར་འཁྲུལ་གྱིས་སྐྱོན་འདྲེན་མི་རུང་། 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།