སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཀུན་སྤྱོད་སློབ་གསོ།

སྤེལ་དུས། 2018-03-13 16:38:21    རྡེབ་ཚད།
མཉམ་སྤྱོད་གནས།
   

                    ཡོངས་ཁུངས།  ཡོངས་འཛིན།

རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེའི་འོས་འགན་ནི་སློབ་མར་དངོས་གཙོ་རྩོད་སྒྲུབ་རིང་ལུགས་ཀྱི་བསམ་པའི་ལྟ་བ་འཛུགས་པ་དང་གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་གཤིས་རྒྱུད་ཆགས་པར་བྱ་རྒྱུ་དེ་ཡིན།

1 ངོ་སྤྲོད།

སློབ་གསོ་བྱེད་མཁན་གྱིས་སྤྱི་ཚོགས་ངེས་ཅན་དང་དུས་རབས་ངེས་ཅན་གྱི་རེ་འདུན་ལྟར་འཆར་གཞི་ལྡན་པ་དང་དམིགས་ཡུལ་ལྡན་པའི་སྒོ་ནས་སློབ་གྲྭའི་སློབ་གསོ་བྱ་ཡུལ་སློབ་མ་རྣམས་ལ་སློབ་གསོ་བཏང་ནས་བསམ་པའི་ཀུན་སྤྱོད་ལྡན་པར་བྱེད་པ་ལ་ཟེར། བསམ་པའི་ཀུན་སྤྱོད་ལ་གཙོ་བོ་སློབ་མའི་ཆབ་སྲིད་རྣམ་འགྱུར་དང་། བསམ་བློ། ཀུན་སྤྱོད་གཤིས་རྒྱུད་བཅས་འདུ་ཞིང་། བསམ་པའི་ཀུན་སྤྱོད་སློབ་གསོ་ཡིས་སློབ་མ་རྣམས་ལ་མར་ལེ་རིང་ལུགས་ཀྱི་རྩ་བའི་ལྟ་ཚུལ་བསྒྲགས་པ་དང་། གུང་ཁྲན་རིང་ལུགས་ཀྱི་བསམ་བློ་དང་ཀུན་སྤྱོད་གཤིས་རྒྱུད་སོགས་སྐྱེད་སྲིང་བྱས་ནས་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་འཛུགས་པར་སློབ་གསོ་བྱེད་པ་ཡིན།

2 དོན་སྙིང་།

སློབ་མར་བསམ་པའི་ཀུན་སྤྱོད་ཀྱི་སློབ་གསོ་བྱེད་པ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་གཞི་རྩའི་འོས་འགན་ཞིག་ཡིན་ཏེ། ཏང་གི་རྩ་བའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འཛུགས་བསྐྲུན་བྱེད་པའི་དགོས་མཁོ་ཞིག་ཀྱང་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་དང་དེའི་ངོ་བོའི་ཁྱད་ཆོས་ནི་ང་ཚོས་གུང་ཁྲན་རིང་ལུགས་ཀྱི་བསམ་པས་སློབ་མར་སློབ་གསོ་བྱས་ཏེ། ན་གཞོན་རྣམས་ཕྱོགས་ཡོངས་ནས་ཡར་སྐྱེད་འོང་བར་བྱེད་པའི་སློབ་གསོའི་ཁ་ཕྱོགས་གསལ་པོར་བསྟན་ནས་གཞོན་ནུ་རྣམས་ཀྱི་མི་ཚེ་ཧྲིལ་བོའི་འཕེལ་རྒྱས་ལ་རྨང་གཞི་བཏིང་ཞིང་། ཁོ་ཚོ་ཕུགས་བསམ་ལྡན་པ་དང་། ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རབས་གསར་བ་ཞིག་སྐྱེད་སྲིང་བྱེད་པ་དེ་ཡིན།

3 འོས་འགན།

སློབ་འབྲིང་གི་བསམ་པའི་ཀུན་སྤྱོད་ཀྱི་སློབ་གསོའི་འོས་འགན་ནི་སློབ་མ་རྣམས་མེས་རྒྱལ་ལ་དགའ་བ་དང་། མི་དམངས་ལ་དགའ་བ། ངལ་རྩོལ་དགའ་བ། ཚན་རིག་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་བསམ་པའི་ཀུན་སྤྱོད་དང་། བྱ་སྤྱོད་གོམས་གཤིས་བཟང་བོ། གྲུང་ཤ་དོད་ཅིང་བློ་དཀྱེལ་ཡངས་པོའི་གཤིས་རྒྱུད་སོགས་ལྡན་དགོས་པ་དང་། གཞན་བཟང་ངན་དང་། གཙང་བཙོག འགྲིག་མིན་བཅས་ཀྱི་དབྱེ་བ་ཅུང་ཞིབ་མོར་འབྱེད་པའི་ནུས་པ་སོགས་ལྡན་དུ་འཇུག་དགོས་ཤིང་། ཁོ་ཚོར་ཕུགས་བསམ་ལྡན་པ་དང་། ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་སོགས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པའི་ཆེད་དུ་བསམ་བློའི་རྨང་གཞི་འདིང་དགོས་པ་ཡིན། ཆབ་སྲིད་ཁ་ཕྱོགས་དང་། བསམ་པའི་ཀུན་སྤྱོད། འཇིག་རྟེན་ལྟ་ཚུལ་གསུམ་ནི་ཕན་ཚུན་འབྲེལ་བ་དང་ཕན་ཚུན་ནུས་པ་ཐོན་པ་ཞིག་ཡིན་ཏེ། སློབ་འབྲིང་གི་སློབ་མར་མཚོན་ན་བསམ་པའི་ཀུན་སྤྱོད་ཀྱི་སློབ་གསོའི་ལས་འགན་གཙོ་བོ་ནི་གུང་ཁྲན་རིང་ལུགས་ཀྱི་བསམ་པའི་ཀུན་སྤྱོད་སློབ་གསོ་བྱ་རྒྱུ་དེ་ཡིན།

4 ནང་དོན།

སྤྱི་ཚོགས་འཕེལ་བའི་དུས་སྐབས་མི་འདྲ་བ་དང་བསྟུན་ནས་བསམ་པའི་ཀུན་སྤྱོད་ཀྱི་སློབ་གསོའི་ནང་དོན་ཡང་མི་འདྲ་སྟེ། གྲལ་རིམ་ལྡན་པའི་སྤྱི་ཚོགས་སུ་དབང་སྒྱུར་གྲལ་རིམ་གྱིས་དབང་བསྒྱུར་བསམ་བློ་དང་གཤིས་སྤྱོད་སོགས་སློབ་གསོ་བྱ་ཡུལ་ལ་བག་ཆགས་འཇོག་གིན་ཡོད་པས། བསམ་བློའི་ཀུན་སྤྱོད་ཀྱི་སློབ་གསོའི་ནང་དོན་ལ་ལོ་རྒྱུས་རང་བཞིན་དང་གྲལ་རིམ་རང་བཞིན་ལྡན་པ་དང་། མི་རིགས་མི་འདྲ་བའི་བསམ་པའི་ལྟ་ཚུལ་དང་། ཆབ་སྲིད་ལྟ་ཚུལ། གཤིས་སྤྱོད་སོགས་ཀྱང་མི་འདྲ། བསམ་པའི་ཀུན་སྤྱོད་ཀྱི་སློབ་གསོའི་ནང་དོན་ལ་མི་རིགས་རང་བཞིན་ཡང་ལྡན་ཞིང་། བསམ་པའི་ཀུན་སྤྱོད་ཀྱི་སློབ་གསོའི་ནང་དོན་ལ་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་ཚེ་བསམ་པའི་ཀུན་སྤྱོད་ཀྱང་མི་འདྲ། མདོར་ན་རྒྱལ་གཅེས་རིང་ལུགས་དང་མི་དམངས་ལ་དགའ་བ། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ནི་ཀུན་སྤྱོད་སློབ་གསོ་ཁྲོད་མེད་དུ་མི་རུང་བའི་སློབ་གསོ་གཙོ་བོ་དག་ཡིན།

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།