སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

.སློབ་མའི་གོམས་འདྲིས་སློབ་གསོ།

སྤེལ་དུས། 2017-09-04 18:19:03    རྡེབ་ཚད།
མཉམ་སྤྱོད་གནས།
   

微信图片_20170904180749.jpg

གཅིག  སློབ་སྦྱོང་གི་གོམས་གཤིས།
༡ དུས་ལྟར་ལས་བྱ་འབྲི་བ་དང་ཡོངས་འགྲུབ་ཐུབ་པ་བྱེད་རྒྱུ།
༢ དཔེ་ཀློག་དང་ཡིག་གཟུགས་ལེགས་པོ་འབྲི་སྟངས་ལ་གོམས་གཤིས་བཟང་བོ་ཆགས་རྒྱུ།
༣ རང་འགུལ་གྱིས་བསམ་གཞིགས་དང་། སྤོབས་པ་ཆེན་པོས་དྲི་བར་ལན་འདེབས་ཐུབ་པ་བྱེད་རྒྱུ།
༤ དགེ་རྒན་དང་ཁྱིམ་བདག་གིས་རོགས་ཁྲིད་འོག  རང་སྦྱོང་བྱེད་པའི་གོམས་གཤིས་ཆགས་རྒྱུ།
གཉིས། འཚོ་བའི་གོམས་གཤིས།
༡ དགོང་མོ་ཉལ་ཁར་ཉིན་གཉིས་པའི་སློབ་སྦྱོང་གི་མཁོ་ཆས་གྲ་སྒྲིག་བྱས་ཏེ་དཔེ་ཁུག་ནང་དུ་འཇོག་པ།
༢ དགོང་སྔ་ཉལ་དང་ནངས་སྔ་ལངས་བྱེད་རྒྱུ།
༣ དུས་ལྟར་ཟ་མ་ཟ་བ་དང་། གང་འདོད་དུ་སྒོར་མོ་མི་བཀོལ་བ།
༤ སློབ་ཁང་གི་རྒྱུ་རྫས་ལ་བདག་སྐྱོང་དང་། སློབ་སྦྱོང་གི་མཁོ་ཆས་དག་ལ་གཅེས་སྤྲས་བྱ་དགོས།
༥ རང་ཉིད་ཀྱིས་ལྭ་བ་གྱོན་ཐུབ་པ་དང་མལ་ཐུལ་ལྟེབ་ཤེས་པ། མགོ་སྐྲ་སླེས་ཤེས་པ་བྱ་རྒྱུ།
微信图片_20170904180754.jpg
གསུམ། བདེ་ཐང་གི་གོམས་གཤིས།
༡ ནངས་མོ་དང་དགོང་མོར་སོ་འཁྲུད་པ།
༢ ཟ་མ་མ་ཟོས་ཀྱི་སྔོན་དང་སྤྱོད་ཁང་དུ་སོང་རྗེས་ལག་པ་བཀྲུས་པ།
༣ མི་གཙང་བའི་ཞོར་ཟས་མི་ཉོ་བ།རྒྱུན་དུ་ཞོར་ཟོས་མི་ཟ་བ།
༤ སློབ་ཐུན་གཉིས་པ་གྲོལ་རྗེས་དུས་ཐོག་ཏུ་ལུས་རྩལ་སྦྱོང་བར་ཡོང་བ།
༥ རྒྱུན་དུ་ནངས་ཇ་ཡུལ་ནས་འཐུང་བ་ལས་སྒོར་མོ་ཁྱེར་ཡོང་སྟེ་ཕྱི་ནས་ཟ་མ་སོགས་མི་ཉོ་བ།
 རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་ཆེད། སློབ་གྲྭ་འགྲོ་འོང་གི་ལམ་བར་གྱི་བདེ་འཇགས་ལ་དོ་སྣང་བྱེད་རྒྱུ།
༧ རང་གི་བདེ་ཐང་དང་ཚེ་སྲོག་གི་ཆེད་དུ་ཁྱིམ་མིར་རང་འགུལ་སྒོས་ཉེན་འགོག་ཉོ་རུ་འཇུག་པ།
微信图片_20170904180800.jpg
བཞི། བྱ་སྤྱོད་ཀྱི་གོམས་གཤིས།
༡ དགེ་རྒན་དང་རྒན་རབས་པ་མཐོང་ན་རང་འགུལ་གྱིས་ཁམས་འདྲི་དང་གུས་འདུད་ཞུ་བ།
༢ ཤོག་བུ་དང་ཟས་ལྷག་གི་གད་སྙིགས་གང་སར་མི་འདོར་བ།
༣ སློབ་ཁང་དང་བར་ཁྱམས་ནས་མི་རྩེ་བ་དང་འུར་མི་རྒྱག་པ།
༤ གཞན་གྱིས་རོགས་རམ་བྱས་པ་ལ་བཀའ་དྲིན་དྲན་ཤེས་པ།
༥ སློབ་གྲོགས་གཞན་གྱི་དངོས་པོ་མི་བརྐུས་པ་དང་། རྫུན་མི་གཏམ་པ། མ་རབས་པྲ་ཚགས་མི་བྱེད་པ།
微信图片_20170904180757.jpg
ལྔ། གྲོགས་པོ་སྒྲིག་པའི་གོམས་གཤིས།
༡  སློབ་གྲོགས་ཕན་ཚུན་བར་མཛའ་མཐུན་སྒོས་མཉམ་གནས་བྱེད་པ་དང་། ཁ་འཛིང་ཚིག་རྩོད་མི་བྱེད་པ།༢ རྡུང་རེས་མི་རྒྱག་པ་དང་། ཚིན་ངན་མི་བཤད་པ།
༣ སློབ་གྲོགས་ཕན་ཚུན་བར་རོམས་རམ་བྱེད་པར་དགའ་བ།
༤ ངོ་མི་ཤེས་པའི་མི་དང་ཁ་བརྡ་མི་བྱེད་པ།
༥ ཐུན་མོང་ལ་དགའ་བ་དང་། སྒེར་སེམས་མི་ཆེ་བ། ཡ་རབས་དྲང་བདེན་གྱི་ལས་ལ་འབད་པའོ།།
 
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།