སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་ཆུང་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་ཕྱོགས་སྐོར་རགས་ཙམ་གླེང་བ།

སྤེལ་དུས། 2017-03-27 08:34:43    རྡེབ་ཚད།
མཉམ་སྤྱོད་གནས།
   

 སློབ་ཆུང་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་ཕྱོགས་སྐོར་རགས་ཙམ་གླེང་བ།

·                                                                   ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   
སློབ་མའི་ཡང་དག་པའི་མི་ཚེའི་ལྟ་བ་དང་། འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ། སེམས་ཁམས་སློབ་གསོ། གཤིས་རྒྱུད་བཅས་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱ་རྒྱུ་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བྱང་ཚད་སློབ་གསོའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལ། ཀུན་སྤྱོད་སློབ་གསོ་ཡང་དེ་ལ་ཟེར། ལྷག་པར་དུ་སློབ་ཆུང་དུས་སྐབས་ཀྱི་སློབ་མ་རྣམས་ཀྱི་ལོ་ནའི་ཁྱད་ཆོས་དང་ཤེས་ཚད། བསམ་བློ་བཅས་གང་ཅིའི་ཐད་ནས་འཚར་ལོངས་ཡོང་བཞིན་པའི་དུས་སྐབས་ཡིན་པས། བསམ་བློ་ཀུན་སྤྱོད་ལ་དོ་སྣང་ཆེན་པོ་བྱྱེད་དགོས། དེར་བརྟེན་སློབ་མའི་ལོ་ནའི་ཁྱད་ཆོས་ལ་གཞིགས་ནས་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་དོ་སྣང་དང་དམ་འཛིན་བྱེད་དགོས་པའི་སྐོར་རང་གི་མྱོང་བ་འགའ་གླེང་རྒྱུ་ཡིན།
གཅིག ཁྱིམ་ཚང་གི་ཀུན་སྤྱོད་སློབ་གསོ་དེ་གལ་ཆེའི་ནང་གི་འགངས་ཆེར་འཛིན་དགོས།
ཁྱིམ་ཚང་གི་སློབ་གསོ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཆ་རྐྱེན་ནི་སློབ་མའི་བསམ་བློ་ཀུན་སྤྱོད་འཚར་ལོངས་ཡོང་བའི་ཁོར་ཡུག་གཙོ་བོ་ཞིག་ཡིན། ལྷག་པར་དུ་ཁྱིམ་ཚང་ནི་ལོ་ཆུང་བྱིས་པ་རྣམས་ཀྱི་ཀུན་སྤྱོད་སློབ་གསོ་ཐོག་མར་དང་ལེན་བྱེད་ས་ཞིག་ཡིན་པས། གཤིས་སྤྱོད་ཐད་ཡ་རབས་གཤིས་བཟང་གི་གོམས་གཤིས་ཆུང་དུས་ནས་འཇགས་པ་བྱེད་དགོས། ལོ་ཆུང་བྱིས་པ་འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཁྱིམ་ཚང་ཁོར་ཡུག་གིས་གལ་ཆེའི་ནུས་པ་ཐོན་གྱི་ཡོད། ཁྱིམ་ཚང་ནི་ལོ་ཆུང་བྱིས་པ་འཚར་ལོངས་ཡོང་སའི་ཁོར་ཡུག་གཙོ་བོ་ཡིན་པ་དང་ཕ་མ་སྤུན་མཆེད་ཀྱིས་འགྲོ་སྡོད་སྤྱོད་གསུམ་གྱྱི་ཁོང་ཚོའི་བྱ་སྤྱོད་ལ་མིག་དཔེའི་ནུས་པ་ཐོན་གྱྱི་ཡོད་པས། ཁྱིམ་ཚང་ནི་ལོ་ཆུང་བྱིས་པ་རྣམས་སློབ་གྲྭ་དང་སྤྱི་ཚོགས་ལ་ཕྱྱོགས་པའི་གོམ་པ་དང་པོ་དེ་དང་ཕ་མ་སྤུན་མཆེད་ནི་བྱིས་པའི་སེམས་ཁམས་ལེགས་པོ་ཡོང་མིན་ལ་འགན་འཁུར་མཁན་གྱི་མི་སྣ་གཙོ་བོ་ཞིག་ཡིན། སློབ་མའི་བསམ་བློ་ཀུན་སྤྱོད་སློབ་གསོའི་ཐད་ཁྱིམ་ཚང་ནས་སློབ་གསོ་ཡང་དག་གནང་རྒྱུ་དེ་ཧ་ཅང་གལ་ཆེ་བ་མ་ཟད། ཕ་མས་རྒན་བཀུར་གཞོན་གཅེས་དང་། ཕན་ཚུན་ལྟ་སྐྱོང་། ཕ་མ་གཉིས་པོས་ཕྲུ་གུའི་མདུན་དུ་ཁ་རྩོད་མི་རྒྱག་པ་སོགས་བྱྱས་ཏེ་མིག་དཔེ་བཟང་པོ་ཞིག་སྟོན་གལ་ཤིན་ཏུ་ཆེ།
གཉིས། དགེ་རྒན་གྱིས་རང་དཔེ་གཞན་སྟོན་བྱེད་དགོས།
སློབ་ཆུང་གི་སློབ་མ་ནི་ལད་ཟློས་བྱ་རྒྱུར་ཤིན་ཏུ་དགའ་བ་དང་ཁོང་ཚོའི་གཏམ་སྤྱོད་སོགས་ལ་འགྱུར་བ་འགྲོ་སླ་བར་བརྟེན། དགེ་རྒན་གྱི་གཏམ་སྤྱོད་ཚང་མ་ཁོང་ཚོའི་ཡོད་ཚད་ཀྱི་བདེན་པའི་ཐིག་ཤིང་ལྟ་བུ་ཆགས་ཡོད་པས། སློབ་མ་ཆུང་ཆུང་ཚོས་དགེ་རྒན་ནི་ཆེས་བླ་ན་མེད་པ་དང་ཆེས་ཁྱད་དུ་འཕགས་པའི་མིག་དཔེ་བྱ་ཡུལ་ཞིག་ཏུ་བརྩི་གི་ཡོད། དེའི་ཕྱིར་དགེ་རྒན་རྣམས་ཀྱིས་ངེས་པར་དུ་རང་དཔེ་གཞན་སྟོན་གནང་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ། ལྷག་པར་དུ་རྒྱུན་གཏན་འཚོ་བའི་ཁྲོད་དུ་ཚུལ་མིན་བྱ་བ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ན་ཆུང་སློབ་མ་རྣམས་ལ་ཤུགས་རྐྱེན་ཐེབས་པ་དང་བྱ་བ་བཟང་པོ་དག་གིས་སློབ་མ་རྣམས་ལེགས་པའི་ལམ་དུ་བསྐྱོད་རྒྱུར་གྲོགས་བྱྱེད་བཞིན་ཡོད། སློབ་མ་རྣམས་ལ་བསམ་བློ་ཀུན་སྤྱོད་ཐད་ཀྱི་སློབ་གསོ་གཏོང་རྒྱུ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་ཏུ་གྱུར་ཡོད། དེས་ན་དགེ་རྒན་ཚོས་རིག་པ་སྒྲིམ་སྟེ་ཀུན་སྤྱོད་སློབ་གསོར་དམ་འཛིན་དང་། ཀུན་སྤྱོད་སློབ་གསོ་གཏོང་ཤེས་པ། ཀུན་སྤྱོད་སློབ་གསོ་གཏོང་མཁས་པ། ཀུན་སྤྱོད་སློབ་གསོ་བཏང་ནས་ནུས་པ་ཐོན་ཐུབ་པ། ཀུན་སྤྱོད་སློབ་གསོ་གཏོང་རྒྱུར་ལྷོད་གཡེང་མེད་པ། ཀུན་སྤྱོད་སློབ་གསོ་གཏོང་བའི་འགན་འཁུར་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། སློབ་མར་འགན་འཁུར་བ་དང་། ཁྱིམ་བདག་ལ་འགན་འཁུར་བ། སྤྱི་ཚོགས་ལ་འགན་འཁུར་བ་བཅས་བྱེད་དགོས།
གསུམ། སློབ་ཁྲིད་དངོས་ནང་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོར་གཙིགས་ཆེན་བྱེད་དགོས།
སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ཀུན་སྤྱོད་སློབ་གསོ་གཙིགས་ཆེར་འཛིན་རྒྱུ་ནི་ཀུན་སྤྱོད་སློབ་གསོ་དར་སྤེལ་གཏོང་བའི་བརྒྱུད་རིམ་གཙོ་བོ་ཞིག་ཡིན་པས། སློབ་ཆུང་སློབ་མ་ནི་ལོ་ན་ཕྲ་བ་དང་། ཉམས་མྱོང་ཞན་པ། ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་རྒྱུས་མངའ་ཞན་པ། གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཞན་པ་སོགས་དང་བསྟུན་ཏེ་སློབ་གཞིའི་ནང་གསོན་ཉམས་ལྡན་ཞིང་སྤྲོ་སྣང་སྐྱེ་ཐུབ་པའི་སྒྲུང་དང་། ཡང་དག་པའི་སློབ་གསོའི་ནང་དོན་དང་འཚམས་པའི་གོ་བདེ་ཞིང་རྟོགས་སླ་བའི་གནས་ལུགས། ངོ་མཚར་ཆེ་བའི་པར་རིས། དེ་བཞིན་ཕན་ཡོད་ཀྱི་དུས་དེབ་དང་བརྙན་ཕབ་སོགས་ལ་བརྟེན་ནས་སློབ་མ་ཚོར་གང་ཞིག་བྱེད་འོས་པ་ཡིན་པ་དང་གང་ཞིག་བྱེད་མི་འོས་པ་ཡིན་པ། ལྷག་པར་དུ་རྒན་རབས་ལ་གུས་ཞབས་དང་། གཞོན་པར་གཅེས་སྐྱོང་། གཙང་སྦྲར་དོ་སྣང་དང་གཏམ་སྤྱོད་དྲང་པོ་ཡིན་པ། སྤྱི་རྫས་ལ་བདག་གཅེས་བྱེད་དགོས་པ་སོགས་གསལ་བཤད་ཁ་གསལ་བྱས་ཏེ། སློབ་ཁྲིད་བརྒྱུད་སློབ་མ་ཚོ་མི་བཟང་པོ་ཞིག་ཆགས་རྒྱུར་རིམ་བཞིན་ཤུགས་རྐྱེན་ཐེབས་པ་བྱ་རྒྱུ་ཡང་གལ་ཆེ་བ་ཞིག་ཡིན།
བཞི། སློབ་ཕྱིའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་དགོས།
སློབ་གྲྭའི་ཁོར་ཡུག་དང་། སྲོལ་རྒྱུན་གོམས་གཤིས། མི་དང་མིའི་དབར་གྱི་འབྲེལ་བ་བཅས་ཀྱིས་སློབ་མའི་རང་གཤིས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། སློབ་གྲྭས་སློབ་ཕྱིའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཐུན་མོང་ལ་དགའ་ཞེན་ཆེ་བའི་གཤིས་རྒྱུད་ལྡན་པ་ཞིག་ཏུ་འགྱུར་བ་བྱེད་དགོས། སློབ་གྲྭས་འཆར་གཞི་ཡོད་པ་དང་སྒྲིག་འཛུགས་ཡོད་པའི་བྱེད་སྒོའི་ཁྲོད་དུ་སྔོན་ཐོན་ལ་བྱ་དགའ་སྤྲོད་པ་དང་རྗེས་ལུས་པར་ཧུར་བརྩོན་བྱ་དགོས་པའི་སྐུལ་མ་ཡང་ཡང་གཏོང་དགོས། དེ་ལྟར་བྱས་ན་སློབ་མ་རང་ཉིད་ཀྱི་སྒྱིད་ལུག་རྣམ་པ་ཡོ་བསྲང་དང་སྒྱུར་བཅོས་བྱེད་ཐུབ།

མདོར་ན། འཚོ་བ་དངོས་ནང་སློབ་མ་དང་མང་ཙམ་གཤིབ་རྒྱུ་དང་། སློབ་མ་དང་ཅི་གྲོས་མོལ་འཕྲོ་མང་ཙམ་བྱས་ཏེ། སློབ་མར་རྒྱུས་ལོན་པ་དང་། སློབ་མའི་ཁྱིམ་ཚང་གནས་ཚུལ་ལ་རྒྱུས་ལོན་པ་བྱས་ཏེ། སློབ་གྲྭ་དང་ཁྱྱིམ་ཚང་ཟུང་འབྲེལ་གྱིས་སློབ་མར་ཀུན་སྤྱོད་སློབ་གསོ་མང་ཙམ་བརྒྱབ་ནས། སློབ་མ་རྣམས་སྤྱོད་ཡོན་གཉིས་ལྡན་གྱྱི་སློབ་མ་ཞིག་ཏུ་འགྱུར་བ་བྱྱེད་དགོས། མི་སུ་འདྲ་ཞིག་ཡིན་རུང་གཞུང་དྲང་བ་དང་། སྤྱི་སེམས་ཆེ་བ། ལྷག་བསམ་ཟོལ་མེད། ཁ་བཤད་ལག་བསྟར་ཐུབ་པ་ཞིག་མེད་ན། མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་དེ་ནི་སྟོང་གཏམ་ཡིན་པ་དང་། ཐ་ན་སུས་ཀྱང་ཡིད་ཆེས་བློས་འགེལ་དང་དགའ་གུས་མི་བྱེད་པ་ནི་ཀུན་གྱིས་མཐོང་ཆོས་སུ་སྣང་། དེ་བཞིན་དུ་སློབ་མ་ཞི

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།