སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་སྤྱི་བཤད།

སྤེལ་དུས། 2017-03-27 10:46:28    རྡེབ་ཚད།
མཉམ་སྤྱོད་གནས།
   

 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་སྤྱི་བཤད།

  རེབ་གོང་རྫོང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་།རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་།

  རྩེ་ཁོག་རྫོང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཞིག་ཡིན། རྨ་ལྷོ་ཁུལ་གྱི་དཀྱིལ་དབུས་ཀྱི་ལྷོ་ཕྱོགས་སུ་ཡོད། དེ་དང་འབྲེལ་ཡོད་པའི་རྫོང་དང་གྲོང་ཁྱེར་ནི་ཤར་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་རྫོང་དང་།ལྷོ་ཕྱོགས་སུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དང་། ནུབ་ཕྱོགས་སུ་འབའ་ཡུལ་ནོར་རྫོང་བཅས་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6658དང་2001 ལོར་མི་གྲངས་ཁྲི5ཡོད་ལ་བོད་རིགས་གཙོ་བོ་ཡིན་ཡིག་ཟམ་སྦྲགས་ཨང811400ཡིན། རྫོང་སྲིད་གཞུང་རྩེ་ཆུ་གྲོང་རྡལ་དུ་ཆགས་ཡོད།མངའ་ཁོངས་སུ་རྩེ་ཆུ་གྲོང་རྡལ།ཆ་སྐོར་ཞང་། སྟོབས་ལྡན་ཞང་། རྡོ་དཀར་ཞང་། དཔྱི་ས་ཞང་། ཧོར་ཞང་། བོན་བརྒྱ་ཞང་། ཉིན་ཤུག་ཞང་། ཕྱུགས་ར་བཅས་ཡོད།

  རེབ་གོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་སུ་གནས་ཡོད།1949ལོའི་ཡར་སྔོན་གྱི་ལོ་ངོ་ལྔ་བརྒྱ་ལྷག་གི་རིང་ལ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་སྲིད་ཟུང་འབྲེལ་བོད་བརྒྱུད་ཐབ་བསྟན་གྱི་དབང་བསྒྱུར་བར་མ་ཟད།རེབ་གོང་སྒྱུ་རྩལབྱུང་། 1994ལོར་རྒྱལ་ཁབ་ཀྱི་ལོ་རྒྱས་རིག་གནས་མིང་གྲགས་མིང་གྲགས་མཁར་གྲོང་གི་མཚན་སྙན་གནང་། རྫོང་འདི་མིག་སྔར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་ཡིན། རྫོང་ཡོངས་ཀྱི75%ཡི་མི་གྲངས་བོད་རིགས་ཡིན། ཆུ་ལེན་རྫོང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་ཕྱོགས་ཀྱི་རྫོང་ཞིག་ཡིན། ཆུ་ནག་གཙང་བོའི་སྟོད་རྒྱུད་དུ་གནས་པ་དང་། ་བྱང་དང་ཤར་ཕྱོགས་ཀན་སུའུ་ཞིང་ཆེན་དང་འབྲེལ་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ15610དང་། 2002ལོར་མི་གྲངས་ཁྲི4ཡོད་ལ། རྒྱ་རིགས་གཙོ་བོ་ཡིན། ཡིག་ཟམ་སྦྲགས་ཨང810400ཡིན། རྫོང་སྲིད་གཞུང་པྰ་པོ་རི་བོ་གྲོང་རྡལ་དུ་ཆགས་ཡོད། མངའ་ཁོངས་སུ་པྰ་པོ་གྲོང་རྡལ། ལབ་རྩེ་གྲོང་རྡལ། མུ་རི་གྲོང་རྡལ། ཁུ་ཁུ་ཨུ་རས་ཞང་། ཨ་རིག་ཞང་། རྫ་དམར་ཞང་།འབྲོང་ལུང་ཞང་། ཐོ་ལི་ཕྱུགས་རྭ་ཞང་བཅས་ཡོད།

  གཅན་ཚ་རྫོང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་ཕྱོགས་ཀྱི་རྫོང་ཞིག་ཡིན། བྱང་་ཤར་དུ་བཞུར་བའི་རྨ་ཆུ་ཡིས་དཔའ་ལུང་རྫོང་ལ་བཅད་ཡོད། ཤར་ལྷོ་ཕྱོགས་སུ་ཡ་རྫི་རྫོང་དང་ནུབ་ཕྱོགས་སུ་ཁྲི་ཀ་རྫོང་། ལྷོ་ཕྱོགས་སུ་རེབ་གོང་རྫོང་བཅས་ཡོད།སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1714དང2001 ལོར་མི་གྲངས་ཁྲི5ཡོད། དེའི་ནང་བོད་རིགས་ཀྱིས67%ཟིན། ཡིག་ཟམ་སྦྲགས་ཨང811200ཡིན། རྫོང་མར་ཁུ་ཐང་གྲོང་རྡལ་དུ་སྡོད་ཡོད། མངའ་ཁོངས་སུ་མར་ཁུ་ཐང་གྲོང་རྡལ་དང་།ཁང་དབྱང་གྲོང་རྡལ། ཁམས་ར་གྲོང་རྡལ། སྣར་ར་ཞང་། སྟོང་སོ་ཞང་། གཅན་ཚ་ཐང་ཞང་། མཚོ་དྲུག་ཞང་། སྐྱ་རྒྱ་ཞང་བཅས་ཡོད།

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།