སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཕ་ཡུལ་གྱི་མཛེས་ལྗོངས།

སྤེལ་དུས། 2018-03-09 11:46:40    རྡེབ་ཚད།
མཉམ་སྤྱོད་གནས།
   

                    ལྔ་གཉིས་འཛིན་གྲྭ།   ཚེ་རིང་དབང་ཕྱུག

   བདག་གི་བསམ་པར་གནས་གང་ཞིག་ཡིན་རུང་རང་གི་ཕ་ཡུལ་ལས་སྐྱིད་པོ་ཞིག་མེད་པར་སྙམ། ཕ་ཡུལ་འདིའི་ཆ་ཤས་སུ་གྱུར་བ་གང་ཞིག་ཡིན་ཡང་ཚང་མ་ནི་མཆོག་ཏུ་གྱུར་བ་ཞིག་ཡིན་ཏེ། ཕ་ཡུལ་གྱི་རི་བོ་ཐམས་ཅད་ནི་བརྗིད་ཆགས་ཤིང་ངོས་གཟར་བ་དང་། རི་བོ་ལ་ལའི་ངོས་སུ་ཚང་ཚིང་གི་གཡུ་ལོ་རྒྱས་པའི་ནགས་ཚལ་སྟུག་ལ། ལ་ལ་ནི་ཕྱི་ཤུན་མེད་པའི་གཏོར་མ་མང་པོ་བརྩེགས་རིམ་དུ་བཤམས་པ་དང་ཨ་ན་མ་ན་རེད། ལྷག་པར་དུ་རྫོང་མཁར་གྱི་ལྷོར་གཙོ་བྱས་ས་ཤུན་མཐུག་པའི་རི་བོ་མང་ཆེ་བར་རྫོང་སྲིད་གཞུང་གི་ རྒྱབ་སྐྱོར་དང་སྣེ་ཁྲིད་འོག་བསྟུད་མར་ལོ་འགའ་ལ་སྡོང་བོ་བཙུགས་པས་སྔོ་ལྗང་ལྗང་གི་འཇིག་རྟེན་ཞིག་ཏུ་གྲུབ་ཡོད།
    མདུན་ན་ལྷུང་ལྷུང་དལ་གྱིས་འབབ་པའི་རྨ་ཀླུང་རིང་མོ་གཡུ་འབྲུག་སྔོན་མོ་ས་ རུ་རྒྱུ་བ་ལྟར་ཤར་ཕྱོགས་སུ་བཞུར་ལ། དེའི་ཐོག་ཏུ་མཚོ་གྲུ་ཆེ་མ་ཆུང་གསུམ་མང་པོ་འགྲུལ་བའི་རེ་བ་ལྟར་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག ཆུ་ནང་དུ་ཉ་རིགས་མང་པོ་ཞིག་ཅི་དགར་རྩེད་བཞིན་ཡོད་པས། ཁྱོད་རང་རྨ་ཆུ་ཁར་འགྲེང་སྟེ་ཆུ་ངོས་སུ་བལྟས་ནས་བསྡད་ན་མཚོ་སྔོན་པོའི་ཁར་སླེབས་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་ངེས་ཡིན།
     ཕ་ཡུལ་གྱི་ཡུལ་ལྗོངས་མཛེས་ལ་མཁའ་དབུགས་ཀྱང་ཧ་ཅང་གཙང་བས་ལོ་རེའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། འཛམ་གླིང་རང་བཞིན་གྱི་མདའ་རྩལ་འགྲན་བསྡུར་གྱི་བྱེད་སྒོ་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། ཞིང་ཆེན་དང་ཁུལ་རིམ་པའི་མདའ་ རྩལ་འགྲན་སྡུར་ཡང་ཐེངས་མང་སྤེལ་མྱོང་ལ། རྫོང་ནང་ཁུལ་གྱི་མདའ་རྩལ་འགྲན་སྡུར་སྤེལ་བ་བགྲང་ལས་འདས་པས། གཅན་ཚ་མདའ་མོ་གཡང་རྫོང་ཞེས་སྙན་པའི་གྲགས་པ་ས་སྟེང་ཀུན་ལ་ཁྱབ་ཡོད་དོ།།
   འདི་ནི་ང་ཆེས་དགའ་སའི་ཕ་ཡུལ་ཡིན་ལ། འགྲོ་བ་མ་ལུས་ཡིད་སྨོན་འཆོར་སའི་    མཛེས་སྡུག་གི་ཞིང་ཁམས་ཏེ། ངའི་ཕ་ས་གཡང་གི་ར་བ་ཡིན་ནོ།།རྩོམ་ཡིག་འདི་2017ལོའི་2པའིམཛེས་སྡུག་གི་གཅན་ཚའིསྟེང་དུ་བཀོད་ཡོད
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།