སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

མཛེས་པའི་གླིང་ག

སྤེལ་དུས། 2018-03-09 11:43:23    རྡེབ་ཚད།
མཉམ་སྤྱོད་གནས།
   

 

                                               ལྔ་གཉིས་འཛིན་གྲྭ།   ལྷ་མཚོ་སྒྲོལ་མ།
   ད་རེས་ཀྱི་གཟའ་མཇུག་ལ་ང་རང་ཟི་ལིང་དུ་སོང་། ཟི་ལིང་གྲོང་ཁྱེར་ན་ངོ་མཚར་བའི་ལྟད་མོ་དང་། ཕུན་སུམ་ཚོགས་པའི་ཚོང་ར། དགུང་ལ་རེག་པའི་ཁང་རྩེགས་ཧ་ཅང་མང་པོ་ཡོད། འོན་ཀྱང་ང་རང་ཆེས་དགའ་བ་ནི་འདི་དག་མ་ཡིན་པར།   སྐྱིད་པའི་གླིང་ག་ཞིག་ཡོད་པ་དེ་རེད།
    སྐྱིད་པའི་གླིང་ག་དེ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ར་སྐོར་ནང་དུ་ཆགས་ཡོད་ལ། དེ་ན་མཐོ་དམའ་མི་མཉམ་པའི་ས་འབུར་དང་། སྔོ་ཞིང་ལྗང་བའི་རྩྭ་ཕྲན་གྱིས་ཡོངས་སུ་ཁེབས་འདུག་ལ། ད་དུང་ཁ་དང་ཁུག་ན་ཆུ་ཕྲན་དང་ཆུ་རྫིང་མང་པོ་ཡོད་པར་མ་ཟད། ཕྱོགས་ཀུན་ཏུ་ལྕང་སྡོང་དང་། ཡོ་འབོག སྟག་པ་སོགས་མིང་ཤེས་དང་མི་ཤེས་པའི་སྡོང་བོ་སྣ་ཚོགས་གང་སར་སྐྱེས་འདུག 
    དེ་ན་ལོ་ལོན་འགའ་རེ་སྡོང་བོའི་བསིལ་གྲིབ་འོག་དང་། རྐུབ་སྟེགས་ཀྱི་སྟེང་། ས་འབུར་གྱི་ཐོག་ཏུ་བསྡད་དེ་ཕན་ཚུན་དགའ་བའི་ཁ་བརྡ་བཤད་ཀྱིན་འདུག་ལ། ན་གཞོན་འགའ་ཤས་ཀྱིས་འདྲ་པར་ལེན་པ་དང་། ལོ་ཆུང་འགའ་ཤས་ཆུ་རྩེད་བྱེད་བཞིན་འདུག
     ང་ཡང་བཟའ་ཚང་གང་བོར་དང་འགྲོགས་ཏེ་ས་སྐྱིད་ས་ཞིག་བཙལ་ནས་བསྡད་དེ། ཇ་འཐུང་ཞོར་དང་། ཟ་མ་ཟ་ཞོར་དུ་ཉིན་ཕྱེད་ལ་སྤྲོ་བསང་བྱས་པ་ཡིན། ང་རང་ལ་ཁོམ་པ་ཞིག་ཡོད་ཚེ་ནམ་ཡང་དེར་འགྲོ་ན་འདོད། རྒྱུ་མཚན་ནི་དབྱར་གྱི་དུས་ཚིགས་སྐྱིད་པོ་དང་གླིང་ག་འདིའི་མཛེས་སྡུག་དཔལ་གྱིས་བདག་གི་ཡིད་སེམས་འཕྲོག་སོང་བས་སོ།།རྩོམ་ཡིག་འདིགངས་རྒྱན་ན་ཆུང་ཚགས་པར2017ལོའི་དགུན་གནང་བསྡུས་དེབ་ཏུ་བཀོད་ཡོད
                                                 མཛུབ་ཁྲིད་དགེ་རྒན།   ལྷ་རྩེ་རྒྱལ།
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།