སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

དྲིན་ཆེན་ཨ་མ།(སློབ་མའི་སྦྱངས་རྩོམ)

སྤེལ་དུས། 2017-05-12 16:43:36    རྡེབ་ཚད།
མཉམ་སྤྱོད་གནས།
   

དྲིན་ཆེན་ཨ་མ།སློབ་མའི་སྦྱངས་རྩོམ

        དྲུག་གཅིག་འཛིན་གྲྭ གཡང་དྲུང་སྐྱིད།

ང་ནི་གངས་འདབས་ཀྱི་སྤང་ཐང་འདི་ནས་སྤང་རྒྱན་མེ་ཏོག་དང་མཉམ་དུ་སྐྱེས་ཤིང་རྟ་ནོར་ལུག་གསུམ་དང་མཉམ་དུའཚར་ལོངས་བྱུང་བ་ཡིན། དྲིན་ཆེན་ཨ་མའི་ཟུག་གཟེར་དང་འཁུན་སྒྲའི་ཁྲོད་ནས་དྲོད་འཇམ་གྱི་བྱང་ཁོག་བརྒྱུད་དེ་ངུ་སྐད་དང་མཉམ་དུ་ང་རང་མཛེས་ཤིང་ལྟ་ན་སྡུག་པའི་འཇིག་རྟེན་འདིར་སླེབས་ཤིང་། ཞིམ་མངར་འོ་ཞོ་དང་རོ་བཅུད་ལྡན་པའི་མར་རྩམ་ཟུང་འབྲེལ་བྱས་ནས་འཚར་ལོངས་བྱུང་བ་ཡིན།ཨ་མའི་ནུ་ཞོ་མངར་མོས་བུ་མོ་ང་ལ་སྐྱེས་སྟོབས་གནང་བས་ཡར་ངོའི་ཟླ་བཞིན་ རྒྱས་ཤིང་སྟོན་མཇུག་གི་འབྲས་བུ་བཞིན་འཚར་ལོངས་བྱུང་ནས། ཨ་མའི་རེ་བ་ཞིག་གི་མིག་ལ་སྤྲོ་བའི་འདབ་མ་བཞད་པར་བྱས། འོན་ཀྱང་། དུས་རབས་གསར་བའི་འགྱུར་ལྡོག་དང་བསྟུན་ནས་ང་འཇིག་རྟེན་འདིའི་སྤང་རྒྱན་མེ་ཏོག་དང་རྫ་ཆུ་བསིལ་མ། རྟ་ནོར་ལུག་གསུམ། དྲིན་ཆེན་མ་ལོ་དང་ཕུ་ནུ་མིང་སྲིང་སོགས་ལ་ཁ་བྲལ་ནས་ཤེས་རིག་གི་སློབ་གླིང་འདི་ལ་ཐོན་པ་ཡིན།ས་ཐག་རིང་བའི་ཨ་མས་ཡིད་ཆེས་ཀྱི་ངང་ནས་བུ་མོ་ང་ལ་ལྟོས་ཤིང་། སྙིང་ཁོང་གི་འདུན་པ་བུ་མོ་ང་ལ་བཅོལ་ནས་རེ་སྒུག་བྱེད་བཞིན་ཡོད་པས། ངས་ཀྱང་ཤེས་རིག་གི་སློབ་གླིང་འདི་ནས་དྲེ་མོང་གི་ཕྱི་བ་འཛིན་པ་བཞིན་བསྡད་ན་ག་ལ་འགྲིག
   རྒྱང་རིང་གི་སྦྲ་འདབས་ན་འཚོ་བའི་ཨ་མའི་བྱམས་བརྩེ་དེ་ཉི་མའི་གཟི་བྱིན་ལ་ འགྲན་ནུས་པ་ཁྱེད་ཀྱིས་ཤེས་ཨེ་བྱུང་། སྐབས་འདིར་ངས་ཤེས་རིག་གི་སློབ་གླིང་ན་རེ་བཞག་ལྕི་མོ་ཞིག་དང་དྲན་གདུང་ཁ་མོ་ཞིག་འཁུར་ནས་དགེ་རྒན་གྱི་སྙིང་གཏམ་ལ་ཉན་བཞིན་ཡོད།
ཨ་མ་ལགས། ཁྱོད་ཀྱི་བུ་མོ་ང་ལ་སྒུག་དང་བུ་མོ་ངས་སློབ་སྦྱོང་ལ་འབད་པ་བྱས་ནས་བཅངས་པའི་རེ་བ་དེ་འགྲུབ་ཏུ་འཇུག་ངེས་ཡིན།
 བྱམས་བརྩེ་ལྡན་པའི་ཨ་མ་ལགས།ཁྱོད་ཀྱིས་འཇམ་ཞིང་མཉེན་པའི་ལག་ཟུང་དང་མཛེས་ཤིང་དཀར་པོའི་སེམས་པ་ཡིས་ང་ལ་ཡིད་ཆེས་དང་སྟོབས་ཤུགས་ཤིག་གནང་།ཨ་མ་བུ་མོ་ང་ཁྱོད་ལ་དགའ་ཞིང་ཁྱོད་ལ་དུང་།   མཛུབ་ཁྲིད་དགེ་རྒན།ཕག་མོ་སྒྲོལ་མ།རྩོམ་ཡིག་འདི་2017ལོའི་ཟླ༣པའི་ཚེས༣༡ཉིན་གྱི་ཁྲིམས་ལུགས་ཚགས་པར་དུ་བཀོད།
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།