སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཕ་ཡུལ་གྱི་མེ་ཏོག

སྤེལ་དུས། 2017-04-27 15:45:43    རྡེབ་ཚད།
མཉམ་སྤྱོད་གནས།
   

ཕ་ཡུལ་གྱི་མེ་ཏོག

                                        བཞི་གཅིག་འཛིན་གྲྭའི་སློབ་མ་ཡིན།   ཡེ་ཤེས་ལྷ་མཚོ།
           བདག་གི་ཕ་ཡུལ་ནི་གཅན་ཚ་རྫོང་མཁར་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ20ཡི་མཚམས་སུ་ཡོད། དེ་ནི་ལྗོན་ཤིང་སྣ་ཚོགས་ཀྱིས་གཡོགས་པའི་རི་འདབས་སུ་ཆགས་ཡོད་པ་དང་། གསར་དུ་ལས་པའི་
ཁང་ཁྱིམ་དེ་དག་ལ་ཡལ་འདབ་རབ་ཏུ་རྒྱས་པའི་ཤིང་སྡོང་སྣ་ཚོགས་ཀྱིས་བསྐོར་ཡོད་ལ། དེའི་མཐའ་འཁོར་དུ་མེ་ཏོག་སྣ་མང་ཁྲ་ཆིལ་ལེར་བཞད་ཡོད།
        ཞོགས་པར། ང་རང་རྒྱུན་དུ་རི་འདབས་ཀྱི་རྫིང་བུ་འགྲམ་དུ་འཆམ་འཆམ་ལ་འགྲོ་བར་དགའ། རྫིང་བུའི་ལོགས་གཉིས་སུ་སྐྱེས་པའི་ཤིང་སྡོང་གི་ཡལ་གར་བསིལ་རླུང་གིས་དལ་གྱིས་གཡོ་བ་དང་། ཆུ་འགྲམ་གྱི་མེ་ཏོག་པདྨ་དེ་དག་གི་གཟུགས་བརྙན་རྫིང་བུའི་ནང་དུ་ཇི་མ་ཇི་བཞིན་འཆར་ཡོད་པ་མཐོང་ཐུབ།
             ད་དུང་ཐག་མི་རིང་བའི་ཀེ་ཚེའི་ཞིང་ནང་དུ་སེར་ལམ་ལམ་གྱི་ཀེ་ཚེ་མེ་ཏོག་བཞད་ཡོད་པ་དེས་
རྒྱང་རིང་གི་བུང་བ་དང་ཕྱེ་མ་ལེབ་ཀྱི་ཚོགས་མགྲོན་དུ་བཀུགས་ཏེ་ཀེ་ཚེ་ཟེའུ་འབྲུ་ཡིས་སྣེ་ལེན་བྱེད་པ་དང་ཀུན་ནས་མཚུངས།
    ཨ། དབྱར་ཁའི་ཕ་ཡུལ་གྱི་མེ་ཏོག་སྣ་ཚོགས་ཀྱིས་ཕ་ཡུལ་གྱི་རྣམ་པ་ལྟ་ན་སྡུག་པ་ཞིག་ཏུ་བསྒྱུར་བས། ང་ནམ་ཡང་ཕ་ཡུལ་གྱི་མེ་ཏོག་སེར་ཆེན་ལ་དགའ་ཞིང་དུངས།
                                (མཛུབ་ཁྲིད་དགེ་རྒན། གཅན་རྣམ་ཐར)
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།