སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ངེད་ཚང་གི་ཞི་ལ། (སློབ་མའི་རྩོམ་ཡིག)

སྤེལ་དུས། 2017-03-09 08:41:11    རྡེབ་ཚད།
མཉམ་སྤྱོད་གནས།
   

 

                                    ངེད་ཚང་གི་ཞི་ལ།
                                         དྲུག་གཉིས་འཛིན་གྲྭ། ཀུན་དགའ་རྡོ་རྗེ།
       ངེད་ཚང་ལ་ཞི་ལ་ཆུང་ཆུང་ཞིག་ཡོད། དེ་ནི་གྲུང་ཤ་དོད་པ་དང་། བྱད་བཞིན་མཛེས་པ། མིག་གཉིས་གོར་གོར་ཡིན་པ། རྣ་གཤོག་གི་དབྱིབས་ཟུར་གསུམ་ཡིན་པ། ཁོའི་གྲུ་ག་རིང་ཞིང་ཕྲ་ལ་གཡས་གྱོན་དུ་ཁ་སྤུ་སྲ་མོ་དཀར་པོ་འགའ་ཡོད་པས་ངོ་མ་སྙིང་རྗེ་བོ་ཞིག་རེད།
 ཞི་ལས་གསུས་པའི་དཀྱིལ་དཀར་པོ་དང་གཡས་གཡོན་གཉིས་སེར་པོ་ཡིན་པ། རྔ་མ་ནག་པོ་ཡིན། རྣ་མགོ་ཆུངཞིང་དམར་བ་དང་།ཚ་ཐབ་ཀྱི་ཐོག་དང་ཐབ་ཀའི་གཉའ། ཅིན་ཁ་སོགས་གང་དུ་དྲོ་ཞིང་སྐྱིད་ན་དེ་རུ་གཉིད་པ་ཡིན། གཉིས་པའི་དུས་སུ་ད་དུང་མཚམས་མི་ཆད་པར་སྒྲོལ་མ་འདོན་པ་ཡིན། དགོང་མོར་ཁོའི་སྙིང་སྟོབས་ལྡབ་འགྱུར་གྱིས་ཇེ་ཆེར་སོང་སྟེ་མིག་གིས་རིག་རིག་ལྟ་ཞོར་ཏུ་གང་སར་ཡར་རྒྱུགས་མར་རྒྱུགས་ནས་ཙི་གུ་བཟུང་སྟེ་ཟ་བ་ཡིན
   ངེད་ཚང་གི་ཞི་ལ་ཆུང་ཆུང་ལུག་ཤ་དང་སྐམ་ཤ་ཟ་བར་ཧ་ཅང་དགའ། ང་ཚོས་ཤ་ཟ་ཐེངས་རེར། ཁོས་ནམ་ཡང་ངའི་མདུན་དུ་ཕར་འགྲོ་ཚུར་འོངས་བྱས་ཏེ། ལག་པས་ངའི་ལུས་ལ་བྱིལ་བྱིལ་བྱེད། ངས་ཀྱང་ཁོའི་སེམས་པ་ཤེས་ཏེཁོར་ཤ་ཏོག་ཙམ་རེ་བྱིན་པ་ཡིན།
   ངེད་གཉིས་རྩེ་དུས་སུ་ཁོས་ནམ་ཡིན་ཡང་སྡེར་མོ་རྣོན་པོ་དེ་ནང་དུ་བསྐུམས་ནསསྡེར་འདྲེད་བྱེད་ཁུལ་བྱས་པ་ཁོ་ཡང་ཁོང་ཁྲོ་ལངས་ཏེ་ངའི་སྟེང་དུ་གཟེངས་པར་བྱེད་པ་ཡིན།
    ཁོ་མོ་ནི་ངོ་མ་སྤྱང་གྲུང་ལྡན་ཞིང་བསམ་ཤེས་པའི་ཞི་ལ་ཆུང་ཆུང་ཞིག་ཡིན། (རྩོམ་ཡིག་འདི༢༠༡༦ལོའི་གངས་རྒྱན་ན་ཆུང་ཚགས་པར་དགུན་གནང་དུས་དེབ་ཏུ་བཀོད)
 
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།