སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ལོ་སར་ལ་རོལ་བ།

སྤེལ་དུས། 2017-01-26 17:18:20    རྡེབ་ཚད།
མཉམ་སྤྱོད་གནས།
   

 

776226535249780199.jpg
                   ལོ་སར་ལ་རོལ་བ།
སྨན་བླ་ཚེ་རིང་།༼བཞི་གཅིག༽
ལོ་སར་ཐོན་ལ་ཉེ་བའི་དུས་སུ།ཨ་ཕ་དང་ཨ་མ།ང་དང་ནུ་བོ།ཨ་ཅེ།ང་ཚོ་ཚང་མ་མཉམ་དུ་ཟི་ལིང་གྲོང་ཁྱེར་ལ་ལོ་སར་གྱི་ཚོང་རྒྱག་ཏུ་སོང་། ཟི་ལིང་དུ་ཐོན་པ་ན་ཁོ་ཚོས་ཚོང་ཁང་རེ་རེ་ཡི་ནང་དུ་སོང་ནས་ལྭ་བ་སྣ་ཚོགས་ཉོས་ཤིང་།   ཚོད་མ་བཙོང་སར་སོང་ནས་སིལ་ཏོག་དང་ཚལ་རིགས་སྣ་ཚོགས་ཉོས་ནས་ཕྱིར་ཕ་ཡུལ་ལ་ཡོང་བ་ཡིན་།གནམ་གང་གི་ཕྱི་དྲོ་བདག་དང་ཨ་ཁུ།ཨ་ཅེ་དང་ནུ་བོ་ང་ཚོ་ཚང་མ་རྨ་ཆུ་ཁར་ཆབ་རོམ་ལེན་དུ་སོང་།ཆབ་རོམ་ལེན་པའི་སྐབས་སུ་ནུ་བོས་དར་ཐོག་ནས་སེམས་ཆུང་མ་བྱས་པས་ཐང་ལ་འགྱེལ།ངས་ནུ་བོར་ཁ་ཡག་བཤད་པ་དང་།ཀ་ར་གོ་རེ་བྱིན་པ་ན་ནུ་བོ་ངུ་མཚམས་བཞག   དེ་ནས་ང་ཚོས་སླེ་བོ་ནང་དུ་དར་མང་པོ་བརྩིགས་ཏེ་ཡུལ་ལ་ཡོང་བ་ན། ཨ་མས་ང་ལ་བསྟོད་པ་མང་ཙམ་བྱས། ང་རང་ནར་སོན་ཡོད་པས་ཨ་མ་དང་ཁྱིམ་མི་རྣམས་ལ་ལས་རོགས་བྱེད་ཐུབ་པར་གྱུར་བ་དང་། ཆབ་རོམ་ཁྱེར་སོང་ནས་ཨ་ཕ་དང་མཉམ་དུ་གྱང་ཁ་ཡོངས་རྫོགས་ལ་བཞག་ཚར་རྗེས།ང་ཚོ་ཚང་མ་ས་ལྡིང་གནམ་ལྡིང་བྱས་ནས་ལོ་སར་ཐོན་པར་རེ་སྒུག་བྱས།ལོ་སར་ནི་ང་ཚོ་བྱིས་པ་རྣམས་ཀྱིས་རེ་སྒུག་བྱེད་པའི་དུས་ཆེན་བཟང་བོ་ཞིག་དང་།ང་ཚོ་བྱིས་པ་རྣམས་དགའ་བའི་དུས་ཆེན་བཟང་བོ་ཞིག་ཡིན་ནོ།།
མཛུབ་སྟོན་དགེ་རྒན།རྣམ་ཐར་རྒྱལ།
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།