སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ང་རང་ཕ་ཡུལ་གྱི་རི་ཆུ་ལ་དགའ།(སློབ་མའི་སྦྱངས་རྩོམ)

སྤེལ་དུས། 2017-01-11 11:59:03    རྡེབ་ཚད།
མཉམ་སྤྱོད་གནས།
   

                                                                                              ང་རང་ཕ་ཡུལ་གྱི་རི་ཆུ་ལ་དགའ།

དྲུག་གཉིས་འཛིན་གྲྭ། ཀུན་དགའ་ཚེ་རིང་།
ངའི་ཕ་ཡུལ་ནི་རེབ་གོང་རྫོང་སྨད་པ་ཁྱུང་བོ་སྡེ་བ་ཡིན་ལ།སྡེ་བའི་རྒྱབ་རི་མཐོན་པོ་དགུང་དུ་ཟུག་པ་ད་ང།བྱ་བྱེའུ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ།གཙང་ཆབ་སྔོན་མོ་ལྷུང་ལྷུང་དུ་འབབ་པའི་ཕ་ཡུལ་ལྟ་ན་སྡུག་པ་ཞིག་ཡིན། ང་ཚོའི་སྡེ་བའི་རི་ལ་ལ་ནི་ན་རྒས་རྒན་པོ་དང་འདྲ་ཞིང་།ལ་ལ་ནི་རྔ་མོང་དང་འདྲ་བ།རི་རྩེ་རེ་རེ་བཞིན་གེ་རེར་འགྲེང་ཞིང་བཟོ་ལྟ་ངོ་མཚར་ཞིང་ཡིད་དུ་འོང་བ་ཞིག་རེད།དབྱར་ཁར།ངའི་ཕ་ཡུལ་ནི་འབྲོག་པའི་རྩྭ་ཐང་དང་འདྲ་ཞིང་།རྩྭ་ཐང་དུ་རྟ་ནོར་ལུག་གསུམ་གང་ས་གང་དུ་ཁྱབ་ཡོད་ལ།མེ་ཏོག་སྣ་ཚོགས་ཀྱང་རྣམ་པར་བཞད་ཡོད།དེའི་གཞིར་ན་རྟ་ནོར་ལུག་གསུམ་སོས་དལ་བག་ཕེབས་སུ་ཁྱུ་དང་ཁྱུ་བྱས་ཏེ་དྲི་ཞིམ་བཅུད་ལྡན་གྱི་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་ཡོད།དཔྱིད་ཀ་སླེབས་པ་ན།ས་གཞི་ལ་ཡུན་གྱིས་དྲོད་ཁོལ་རྒྱས་པས་ལྗང་མདོག་གི་སྨྱུ་གུ་རྒྱས་ཤིང་སྡོང་བོ་ཐམས་ཅད་ལའང་གསོན་ཤུགས་རབ་ཏུ་རྒྱས་ཡོད། སྟོན་ཁ་སླེབས་པ་ན།སྡོང་པོའི་ལོ་མ་སེར་པོར་གྱུར་པ་དང་བསྟུན་ནས་ཐང་ལ་ལྷུང་འགྲོ་བ་ཡིན།ས་ཞིང་ནང་དུ་འབྲུ་རིགས་སྣ་ལྔའི་སྙེ་མ་སེར་ལམ་མེར་ཡོད་པ་དང་།སྡེ་མི་གང་བོའི་གདོང་ལ་དགའ་བའི་འཛུམ་མདངས་དང་བཅས་ཏེ་གཡུར་དུ་ཟ་བའི་འབྲས་བུ་བསྡུ་ལེན་བྱས་ནས།དགུན་དུས་ཀྱི་བཟའ་ཆས་ལ་གྲ་སྒྲིག་བྱེད་ཀྱིན་ཡོད།དགུན་ཁ་སླེབས་པ་ན།ས་གཞི་ཐམས་ཅད་ལ་དྲི་མས་མ་གོས་པའི་དངུལ་དཀར་གྱི་ལྭ་བ་དཀར་པོས་ཀུན་ནས་གཡོགས།
ཨེ་མ་བདག་གི་ཕ་ཡུལ་གྱི་ཡུལ་ལྗོངས་ནི་ཇི་འདྲའི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད་ཨང་།ང་རང་ནམ་ཡང་ཕ་ཡུལ་གྱི་རི་ཆུ་ལ་དགའ་ཞིང་།ཕ་ཡུལ་གྱི་དབྱར་དགུན་སྟོན་དཔྱིད་ཀྱི་མཛེས་ལྗོངས་ལ་དེ་བས་ཀྱང་དགའོ།།
 
 
 
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།