སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གཏམ་དཔེ།

སྤེལ་དུས། 2016-12-29 21:31:34    རྡེབ་ཚད།
མཉམ་སྤྱོད་གནས།
   

༡ ཨ་ཕའི་ཚིག་ཀ་དོན་ཆེན། །མ་ཎི་རིལ་བུ་ཁམས་ཆེན། །

༢ ཕོ་ངན་པའི་ཚིག་ཚར་རྒྱུ་མེད། །མ་རུལ་མའི་ལས་ལ་འགྲུབ་རྒྱུ་མེད། །

༣ ས་དོག་མོ་སྡེ་བའི་གདན་ས་རེད། །སྦྲ་མ་ཕུབ་ཟེར་ན་བཙན་གཏམ་རེད། །

༤ ཁྱི་རུས་པའི་སྟེང་ནས་མི་འགྲུབ་རུང། །སྤྱང་དར་མའི་རྗེས་ན་མཉམ་རྒྱུག་རེད། །

༥ བརྒྱ་བཤད་ཚིག་གི་རྩ་བ། །སྟོང་བཤིགས་འོ་མའི་མར་ལོ། །

༦ སྐྱབས་འཇུག་ཞུ་ས་བླ་མ། །སྐྱིད་སྡུག་ཞུ་ས་ཕ་མ། །

༧ མི་ངན་གར་སོང་གཏམ་ངན། །ཨ་བྲ་གར་སོང་ས་ནག །

༨ ཨ་མའི་བུ་དལ་དགོས། །རྒོད་མའི་བུ་མྱུར་དགོས། །

༩ ས་ནག་ཐང་ན་ལམ་ཞིག་ཡོད། །ཁ་བ་ཅན་ལ་དཔེ་ཞིག་ཡོད། །

༡༠ མེ་ཏོག་ཆུང་རུང་ལྷ་རྫས། །གུར་ཀུམ་ཉུང་རུང་སྨན་རྫས། །

༡༡ མི་ཡི་ཁྲ་ཁྲ་ནང་ན་ཡོད། །སྟག་གི་ཁྲ་ཁྲ་ཕྱི་ན་ཡོད། །

༡༢ རང་ལུས་པདྨ་འདབ་བརྒྱད་ལ་བདག་བྱོས། །རང་སེམས་གྲུ་གུ་ཁྲ་ལོག་ལ་དཀྲིས་རྒྱོབས། །

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།