སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གབ་ཚིག

སྤེལ་དུས། 2016-12-29 21:29:15    རྡེབ་ཚད།
མཉམ་སྤྱོད་གནས།
   

༡ དང་པོ་མེ་ཏོག་པདྨའི་སྐྱེ་རོགས། །བར་དུ་ཐང་དཀར་རྒོད་ཀྱི་འཕུར་རོགས། །ཐ་མ་བྲ་དང་ཙི་གུའི་ཉལ་རོགས། །

༢ ཕོ་རྒོད་པོ་ཀོ་བའི་རྣ་ལུང་ཅན། །

༣ རྒྱ་ནག་ཡུལ་གྱི་གོས་གོན་མ། །རྒྱ་མཚོའི་གཏིང་གི་ཆུ་འཐུང་མ། །རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ། །

༤ ལྟ་བ་ཚང་གི་རྩིབས་ཕྱོགས་ན། །ཉན་པ་ཚང་གི་སྒོ་ལམ་ན། །བྱ་རྒོད་བྱུ་རུའི་དཔུང་བ་ཅན། །

༥ འགྲོ་རྒྱུ་མེད་པའི་མ་མོ་སུག་བཞི་མ། །

༦ ཟ་མ་ཁ་ནས་ཟོས་ན། །རྟུག་པ་གཙུག་ནས་གཏོང་། །

༧ བཟུང་ན་སྤར་མོ་གང་། །བཏང་ན་ཁང་བ་གང་། །

༨ བླ་མ་བརྒྱ་དང་བརྒྱད། །ཚང་མར་རྒྱུ་མ་གཅིག།།

༩ ཕྱི་གོར་གོར་ཟླ་འདྲ་འདྲ། །ནང་གྲུ་བཞི་བྲེ་འདྲ་འདྲ། །

༡༠ འགྲོ་དུས་ཟུར་ཁས་འགྲོ། །འདུག་དུས་ལེབ་ཀྱིས་འདུག །

༡༡ འདོ་རིག་རྟ་ཕོ་དྲུག་ཞེང་ཅན། །ལྕགས་ཀྱི་སྒ་ཆ་ལྷུ་མང་ཅན། ། ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན། །

༡༢ རྐང་ལག་ཡོད་ཀྱང་འགྲོ་མི་ཤེས། །ཨོང་ཤ་ཡོད་ཀྱང་འདུག་མི་ཤེས། །

 

མདུན་ གླུ་ཤགས།རྒྱབ་ གཏམ་དཔེ།
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།