སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

རང་སློབ་གྲྭའི་དྲ་ཚིགས་དངོས་སུ་ཤར་གཏོང་བྱས་པ།

སྤེལ་དུས། 2016-11-28 17:33:59    རྡེབ་ཚད།
མཉམ་སྤྱོད་གནས།
   

    སྤྱི་ཚོགས་ཡོངས་ཀྱིས་རང་སློབ་གྲྭའི་གནས་ཚུལ་ལ་དོ་སྣང་དང་རྒྱུས་ལོན་བྱེད་པ་དང་། ཁྱིམ་བདག་དང་སློབ་མར་སློབ་གསོའི་སྲིད་ཇུས་དྲིལ་སྒྲོག གཞུང་ལུགས་ཤེས་བྱ་ངོ་སྤྲོད། སློབ་གསོའི་ཐོན་ཁུངས་ལེགས་པོ་ཞིག་མཁོ་འདོན་བྱ་ཆེད་རང་སློབ་གྲྭའི་འགོ་ཁྲིད་ཚན་ཆུང་གིས་བཀོད་སྒྲིག་ཞིབ་ཚགས་དང་མཛུབ་སྟོན་ལེགས་པོ་བྱས་པ་བརྒྱུད་སློབ་རའི་དྲ་བ་དེ་སྤྱི་ལོ༢༠༡༧ལོའི་ཟླ༡པའི་ཚེས༡ཉིན་དངོས་སུ་ཤར་གཏོང་བྱས་ཡོད་པ་དང་། ལེ་ཚན་ལ་འཕྲིན་གསར་མེ་ལོང་དང་། ཤེས་བྱའི་སྐྱེད་ཚལ། སློབ་དཔྱོད་ཞིབ་འཇུག དགེ་རྒན་དཔུང་སྡེ། སློབ་གསོའི་སྐར་ཁུང་། སློབ་རའི་མཁོ་ཆས། སློབ་གྲྭའི་དེབ་ཚགས། པར་རིས་གསར་འགྱུར་སོགས་ལས་གྲུབ་པས། སློབ་གསོའི་ལས་རྐང་སྟེང་གི་དགེ་རྒན་དང་། སློབ་གསོར་ཐུགས་འཁུར་གནང་པའི་དམ་པ། རིག་པའི་སྐྱེད་ཚལ་འགྲིམས་པའི་སློབ་མ་སོགས་ཀྱིས་སློབ་གསོའི་གཞུང་ལུགས་དང་སྲིད་ཇུས་དྲིལ་སྒྲོག སློབ་དཔྱོད་ཞིབ་འཇུག དགེ་སློབ་སྦྱངས་རྩོམ་སོགས་ཀྱི་བརྩམས་ཆོས་ཅི་རིགས་ཡོད་ན་ནང་དོན་བདེ་ཐང་ཡིན་པའི་རྨང་གཞི་སྟེང་འདི་གར་བསྐུར་གནང་ཡོང་རྒྱུ་གལ་ལགས། བཀའ་དྲིན་ཆེ། དྲ་གནས། www.jzxewx.com

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།