སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄།།སོར་རྩེ་ནས་འཕྱུར་བའི་ཐོན་མིའི་ཕྱག་རྒྱུན།

སྤེལ་དུས། 2017-05-10 09:17:26    རྡེབ་ཚད།
མཉམ་སྤྱོད་གནས།
   

    微信图片_20170510091837.jpg

སོར་རྩེ་ནས་འཕྱུར་བའི་ཐོན་མིའི་ཕྱག་རྒྱུན།

                         ----རྒན་བསྟན་གོ་དང་ཁོང་གི་ཡིག་གཟུགས་བརྩམས་ཆོས།
རྒན་བསྟན་གོ་ནི་༡༩༥༩ལོར་གཅན་ཚ་རྫོང་གི་རོང་མ་འབྲོག་གི་ཁྱིམ་ཚང་ཞིག་ནས་སྐྱེས། རང་ལོ་བདུན་གྱི་སྟེང་ནས་སྟེང་སོ་ཀུང་ཧྲེ་ཤིང་མཁར་ཐོན་སྐྱེད་རུ་ཁག་གི་སློབ་ཆུང་དུ་ཀ་ཁ་ས་ཐོག་ཏུ་འབྲི་བའི་གྲལ་དུ་ཚུད། སློབ་ཆུང་ལོ་རིམ་བཞི་བ་ཐོན་རྗེས་ཐོན་སྐྱེད་རུ་ཁག་ཏུ་ལོ་གཉིས་ལ་ངལ་རྩོལ་དུ་ཞུགས། ༡༩༧༤ལོར་རྨ་ལྷོ་མི་རིགས་དགེ་རྒན་སློབ་གྲྭར་རྒྱུགས་འཕྲོད། ༡༩༧༨ལོར་མཐར་ཕྱིན་རྗེས་གཅན་ཚ་རྫོང་གི་སྣང་ར་སློབ་ཆུང་དང་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་ནས་ལོ་ངོ་བརྒྱད་ཙམ་ཕྱིན། སྐབས་དེ་དག་ཏུ་དགེ་རྒན་བཀའ་དྲིན་ཅན་དྷི་ཚ་ཆོས་རྗེ་བསྟེན་ནས་སུམ་རྟགས་དག་གསུམ་ལ་སློབ་གཉེར་བྱས། ལཱ་མོ་བདེ་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་གྲགས་པ་རྒྱ་མཚོའི་དྲུང་དུ་ཚད་མའི་རིགས་ལམ་བསྡུས་གྲྭ་ལ་བག་ཆགས་འཇོག་པའི་སྐལ་བ་བཟང་པོ་ཐོབ་པ་དང་། དྷི་ཚའི་དགེ་བཤེས་དགེ་འདུན་ཤེས་རབ་མཆོག་གི་ཞལ་ནས་ཞྭ་དམར་ལམ་རིམ་ལ་ཐེངས་གཅིག་ཉན་པའི་བསོད་ནམས་ཀྱི་བགོ་སྐལ་རེག ༡༩༨༡ནས་༡༩༨༢ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་ལ་ཞུགས། སློབ་དཔོན་ཆེན་མོ་རྗེ་༧ཤར་གདོང་རིན་པོ་ཆེ་དང་དགེ་རྒན་ཆེན་མོ་བདེ་མཆོག་གཉིས་གཙོ་བྱས་པའི་དགེ་རྒན་མང་པོས་མདུན་ནས་སུམ་རྟགས་དང་། <<སྙན་ངག་མེ་ལོང་མའི་འགྲེལ་བ་དབྱངས་ཅན་དགྱེས་གླུ།>> ཡང་འགྲེལ་<<ཡང་གསལ་སྣང་མཛོད་>>ཀྱི་སྟེང་ནས་སྦྱངས་ཏེ། དཔེར་བརྗོད་ཀྱང་ཆ་ཚང་དང་ཀུན་བཟན་འཁོར་ལོ་ཡང་བྲིས། གནའ་དེང་གི་རྩོམ་རིག་སྐོར་ལ་ཡང་སློབ་སྦྱོང་བྱས།༡༩༨༦མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤར་ཏེ། སྦྲང་ཆར་དུས་དེབ་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་ལོ་༢༥ལ་གཉེར། རྩོམ་སྒྲིག་མཁས་པ་རྒན་འགྱུར་མེད་ལགས་ཀྱི་ཐུགས་ཁུར་བཀའ་སློབ་དང་ལས་གྲོགས་མཛའ་བཤེས་རྣམས་ཀྱི་རོགས་རམ་ལ་བརྟེན་ནས་རྩོམ་སྒྲིག་གི་ལས་ལ་བྱང་བར་གྱུར། སྦྲང་ཆར་དུས་དེབ་དེབ་གྲངས་ལྔ་བཅུ་ལྷག་གི་རྩོམ་སྒྲིད་པར་ཞུའི་ལས་ལ་ཞུགས། ལེ་ཚན་གཙོ་གྲས་ཁ་ཤས་ཀྱི་རྩོམ་སྒྲིག་འགན་འཁུར་པའི་ཁུར་ཕྲག་ཏུ་བླངས། སྦྲང་ཆར་དུས་དེབ་ལས་གཞན་<<གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ>>དེབ་སྟོད་སྨད་བར་གསུམ་གྱི་དཔར་ཞུས་པ། <<བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས(དེབ་བཅུ)>>དང་<<སྦྲང་ཆར་དུས་དེབ་ལོ་འཁོར་ཉི་ཤུའི་དཔེ་ཚོགས་(དེབ་བརྒྱད)>>ཀྱི་རྩོམ་སྒྲིག་དཔར་ཞུས་པ། <<པཎ་ཆེན་སྐུ་ཕྲེང་བཅུ་བའི་གསུམ་འབུམ་(དེབ་གསུམ)>>གྱིས་མཚོན་པའི་དཔེ་དེབ་ཆེ་གྲས་ཀྱི་རྩོམ་སྒྲིག་དང་དཔར་ཞུའི་ལས་ལ་ཞུགས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཞུས་ཆེན་གཞོན་པ། མཚོ་སྔོན་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཁོངས་མི་ཡིན།
 微信图片_20170510092005.jpg
微信图片_20170510092010.jpg
微信图片_20170510092022.jpg
微信图片_20170510092017.jpg
微信图片_20170510092036.jpg
微信图片_20170510092040.jpg
微信图片_20170510092049.jpg
微信图片_20170510092303.jpg

བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་བཞུད་ལམ་རིང་མོའི་ནང་དུ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞིང་སྒྱུ་རྩལ་གྱི་ཉམས་འགྱུར་གྱིས་ཕྱུག་པའི་རྩོམ་རིག་སྒྱུ་རྩལ་གྱི་བང་མཛོད་ནང་གི་ནོར་བུ་ལྟ་བུ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཤོ་ལོ་ཀ་བརྒྱ་དང་སོ་གཉིས་བདག་ཉིད་ཅན་སྲིད་དུ་སྨིས་བརྒྱ་ལྷག་ཡོད་པའི་བརྩམས་ཆོས་ལེགས་འགྲུབ་བྱུང་།

微信图片_20170510093319.jpg

微信图片_20170510093330.jpg

微信图片_20170510093336.jpg

微信图片_20170510093342.jpg

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།