སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།རང་སློབ་གྲྭའི་འགོ་ཁྲིད་ཚན་ཆུང་ཐན་ཅིན་དུ་ཉམས་མྱོང་བརྗེ་རེས་བྱེད་དུ་སོང་བ།

སྤེལ་དུས། 2019-05-14 15:01:40    རྡེབ་ཚད།
མཉམ་སྤྱོད་གནས།
   

 微信图片_20190514141329.jpg

     སློབ་གསོའི་སློབ་ཁྲིད་ཀྱི་དོ་དམ་ལ་ཤུགས་སྣོན་དང་།སློབ་སྒྲུབ་ཁ་ཕྱོགས་ཀྱི་ལེགས་ཆར་མྱོང་རོལ། སྔོན་ཐོན་སློབ་སྒྲུབ་ཀྱི་ཁ་ཕྱོགས་ནང་འདྲེན་བཅས་ལ་དམིགས་ནས་རང་སློབ་གྲྭའི་ཚན་ཁག་སོ་སོའི་འགན་ཁུར་མི་སྣ་དག་ཟླ5པའི་ཚེས6ནས11བར་སློབ་གྲྭའི་སློབ་གཙོ་ལྷ་རྒྱལ་དོན་གྲུབ་ཀྱིས་མངགས་བཀོད་ལྟར་ཐན་ཅིན་གྲོང་ཁྱེར་པིན་ཧུ་གཞིས་གསར་ཧན་ཀུའུ་དཀྱིལ་སྙིང་སློབ་ཆུང་དུ་སོང་ནས་དུས་ཡུན་ཉིན་ལྔའི་རིང་གི་ཉམས་མྱོང་བརྗེ་རེས་ཀྱི་ལྟ་སྦྱོང་བྱ་འགུལ་སྤེལ། བྱ་འགུལ་གྱི་མགོ་མཇུག་བར་གསུམ་དུ་སློབ་གྲྭ་དེ་གའི་འགོ་ཁྲིད་ཚན་ཆུང་གིས་ཚད་མཐོན་པའི་སྣེ་ལེན་དང་བྱ་བར་མཛུབ་སྟོན། བསམ་ཚུལ་བརྗེ་རེས་བྱས་ཏེ་གནམ་འོག་སློབ་གསོ་ཁྱི་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་གི་འདུ་ཤེས་བཟུང་སྟེ་བྱ་བར་མཐུན་རྐྱེན་ལེགས་པོ་སྦྱར། ལྟ་སྦྱོང་ཚོགས་པའི་ཚོགས་གཙོའམ་རང་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི། སློབ་གཙོ་གཞོན་པ་ཆོས་སྐྱོང་བཀྲ་ཤིས་ཀྱིས་ཚོགས་མི་ཡོངས་ལ་ཡུལ་དངོས་ནས་ཚོགས་འདུ་བསྡུས་ཏེ་སྔོན་ཐོན་ས་ཁུལ་གྱི་སློབ་གསོའི་བདག་གཉེར་དོ་དམ་དང་སློབ་ཁྲིད་བྱེད་ཐབས། མི་གཞི་གསོ་སྐྱོང་གི་ཐབས་ལམ་བཅས་ལ་སློབ་སྦྱོང་བཟང་པོ་བྱས་ཏེ་རང་སློབ་གྲྭའི་སློབ་གསོ་བྱ་བའི་ཁྲོད་དུ་ལུགས་མཐུན་སྒོས་བཀོལ་སྤྱོད་བྱེད་དགོས་པའི་རེ་བཏོན། ལྟ་སྦྱོང་ཚོགས་པ་སྔ་གཞུག་ཏུ་སློབ་གྲྭ་དེ་གའི་ཚན་ཁག་རེ་རེར་བསྐྱོད་དེ་ཞིབ་ཕྲའི་བྱ་བར་རྒྱུས་ལོན་དང་ཉམས་མྱོང་བརྗེ་རེས་བྱས་པ་མ་ཟད།སློབ་གྲྭའི་བྱ་འགུལ་ཁག་ལ་ཞུགས་ཏེ་སློབ་གྲྭ་དེ་གའི་ཆེད་ལས་དགེ་རྒན་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཁོ་ཚོའི་བྱ་བའི་ཉམས་མྱོང་ལ་ཞིབ་མོར་ཉན་ཞིང་།མཇུག་ཏུ་ཏ་ཀུའུ་གསར་བརྗེ་གནས་གཞི་ས་ཁུལ་དུ་སོང་ནས་རྒྱལ་གཅེས་སློབ་གསོའི་བྱ་འགུལ་སྤེལ།ཧན་ཀུའུ་དཀྱིལ་སྙིང་སློབ་ཆུང་ནི་པིན་ཧུ་གཞིས་གསར་དུ་ཅུང་གཞི་རྒྱ་ཆེ་བའི་སློབ་ཆུང་ཞིག་ཡིན་ལ། མིག་སྔར་སློབ་གྲྭ་ཧྲིལ་བོར་སློབ་མ་སྟོང་གཉིས་ལ་ཉེ་བ་དང་དགེ་བཟོ་བ་བརྒྱ་དང་ལྔ་བཅུར་ཉེ་ཞིང་།2018ལོར་རང་སློབ་གྲྭར་གཏན་འཁེལ་བྱས་པའི་གནད་འཁེལ་སློབ་གསོའི་དབུལ་སྐྱོར་གནང་མཁན་གྱི་སློབ་གྲྭ་ཞིག་ཡིན།
微信图片_20190514141354.jpg
བཞུགས་མོལ་ཚོགས་འདུ།
微信图片_20190514141359.jpg
སློབ་ཁྲིད་ལ་ཉན་པ།
微信图片_20190514141429.jpg
རོལ་དབྱངས་ཁང་དུ།
微信图片_20190514141425.jpg
སེམས་ཁམས་འདྲི་རྟོག་ཁང་དུ།
微信图片_20190514141746.jpg
མཛེས་རྩལ་ཁང་དུ།
微信图片_20190514141751.jpg
རོལ་དབྱངས་ཁང་དུ།
微信图片_20190514141405.jpg
སློབ་ཁྲིད་ཀྱི་སྐབས་སུ།
微信图片_20190514141410.jpg
微信图片_20190514141415.jpg
微信图片_20190514141420.jpg

སློབ་གྲྭའི་མུ་འབྲེལ་བྱ་འགུལ།

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།