སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།། རང་རྫོང་གིས་དགེ་རྒན་དུས་ཆེན་བསུ་བའི་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

སྤེལ་དུས། 2018-09-11 10:49:50    རྡེབ་ཚད།
མཉམ་སྤྱོད་གནས།
   

微信图片_20180911105132.jpg

 

 ཟླ9བའི་ཚེས10ཉིན་གྱི་ཕྱི་དྲོར་གཅན་ཚ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་དགེ་རྒན་དུས་ཆེན་ཐེངས34པར་བསུ་བ་དང20172018་སློབ་ལོའི་བྱ་བའི་གཟེངས་བསྟོད་ཚོགས་ཆེན་དེ་རྫོང་མི་རིགས་སློབ་འབྲིང་གི་ནུས་མང་སྐས་རིམ་ཚོམས་ཁང་དུ་བསྡུས།ཚོགས་འདུ་ལ་རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད།རྫོང་ཡོངས་ཀྱི་སློབ་གསོའི་སྡེ་ཁག་གི་དགེ་བཟོ་བ་ཡོངས་དང་སློབ་མའི་འཐུས་ཚབ་བཅས་མི་ཆིག་སྟོང་ཉེ་བར་ཞུགས་ཤིང་།རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ནོར་བུ་རྒྱ་མཚོས་འགོ་འཛིན་བྱས། རྫོང་ཨུའི་ཧྲུའི་ཅིགཞོན་པ་ཚེ་རིང་དོན་གྲུབ་ཀྱིས་གཏམ་གལ་ཆེན་བཤད།ཁོས་ཐོག་མར་རྫོང་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ནས་སློབ་གསོའི་ལས་རྐང་སྟེང་གི་དགེ་རྒན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་བྱས་པ་དང་།ཕྱོགས་ཡོངས་ནས་རང་རྫོང་གི་ད་ལོའི་སློབ་གསོ་ལ་དབྱེ་ཞིབ་དང་སྤྱི་སྡོམ་བྱས་ཏེ་སློབ་གསོའི་རྒྱུགས་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད་།ཕྱིན་ཆད་ཀྱང་དགེ་རྒན་ཚོས་མུ་མཐུད་དུ་སློབ་གསོའི་བྱ་བའི་འགན་ཁུར་ལྕི་མོ་ཕྲག་ཏུ་བླངས་ཏེ་རྫོང་ཡོངས་ཀྱི་སློབ་གསོའི་བྱ་བར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།ཚོགས་ཐོག་ཏུ2017-2018སློབ་ལོའི་ནང་དུ་རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་བཤེར་འཇལ་ཁྲོད་རྒྱུགས་འབྲས་འབུར་ཐོན་ཡིན་པའི་སློབ་གྲྭ་དང་སློབ་གཙོ། འཛིན་བདག  དགེ་རྒན།    སློབ་མ་བཅས་ལ་གཟེངས་བསྟོད་བྱས་ཤིང་།དེའི་ཁྲོད་དུ་རང་སློབ་གྲྭར་ཕུལ་བྱུང་རྒྱུགས་འབྲས་ཨང་ལྔ་བའི་བྱ་དགའ་ཐོབ་པ་དང་།སློབ་གཙོ་གཞོན་པ་འབྲུག་གོ་ཐར་ལ་ཕུལ་བྱུང་སློབ་གཙོ།དགེ་རྒན་ལྷུན་གྲུབ་མཚོ་དང་ཀླུ་མོ་ཚེ་རིང་གཉིས་ལ་ཕུལ་བྱུང་འཛིན་བདག་གི་མཚན་སྙན་ཐོབ་པ་མ་ཟད།ལབ་སྒྲོལ་མ་སོགས་དགེ་རྒན31ལ་རྒྱུགས་འབྲས་ཕུལ་བྱུང་གི་བྱ་དགའ་ཐོབ་པ་དང་ཚེ་རིང་དབང་ཕྱུག་སོགས་སློབ་མ440ལ་རྒྱུགས་འབྲས་ཕུལ་བྱུང་གི་བྱ་དགའ་ཐོབ།
 

微信图片_20180911105140.jpg

微信图片_20180911105149.jpg

微信图片_20180911105200.jpg

微信图片_20180911105155.jpg

微信图片_20180911110322.jpg

 

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།