སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།རང་སློབ་གྲྭས་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བ།

སྤེལ་དུས། 2018-06-02 14:57:31    རྡེབ་ཚད།
མཉམ་སྤྱོད་གནས།
   

228911902565419120.jpg

     ཟླ༦པའི་ཚེས༡ཉིན་གྱི་སྔ་དྲོར་རང་སློབ་གྲྭས་སྐབས༦༩པའི་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་བྱ་འགུལ་སྤེལ། སྔ་དྲོའི་དུས་ཚོད་དགུའི་སྟེང་ལོ་ཆུང་གདོང་ལེན་རུ་ཁག་གིས་རྔ་སྦུབ་རྡུང་བའི་འགྲོས་དང་བསྟུན་ནས་རུ་མི་སྟོང་ལ་ཉེ་བ་ལྷག་ཚོགས་རར་ཞུགས་ཏེ་རང་ཉིད་ལ་དབང་བའི་དུས་ཆེན་བསུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཁྲིན་ཁྲང་ཀྲིན་དང་རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་དཔལ་གྲགས། རྫོང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིག་ཏུང་།རྫོང་སློབ་གསོ་ཅུའུ་ཅུའུ་ཀྲང་ཀུན་འདུལ་རྡོ་རྗེ།མར་ཁུ་ཐང་གྲོང་བརྡལ་གྱི་གྲོང་གཙོ་སྒྲོལ་གོ་སྐྱིད་སོགས་འགོ་ཁྲིད་རྣམས་དུས་ཆེན་བསུ་བའི་མཛད་སྒོར་ཞུགས།མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་བརྩམས་ཤིང་།སློབ་གྲྭའི་སློབ་གཙོ་ལྷ་རྒྱལ་དོན་གྲུབ་ཀྱིས་དུས་ཆེན་ལ་ཤིས་ཚིག་ཕུལ་བ་དང་ཕུལ་བྱུུང་ལོ་ཆུང་གདོང་ལེན་པའམ་དྲུག་གཉིས་འཛིན་གྲྭའི་སློབ་གྲོགས་རིག་བཟང་སྒྲོལ་མས་སློབ་མའི་འཐུས་ཚབ་ཏུ་གཏམ་བཤད། ལོ་ཆུང་གདོང་ལེན་རུ་མི་སྟོང་ལ་ཉེ་བ་ལྷག་གིས་དམ་བཅའ་བཞག མཛད་སྒོའི་སྟེང་ད་དུང་གསུམ་བཟང་སློབ་མ་དང་། འཛིན་གྲྭའི་ཕུལ་བྱུང་ལས་བྱེད། ཕུལ་བྱུང་ལོ་ཆུང་གདོང་ལེན་པ། སློབ་རའི་རྩོམ་པ་པོ་ཆུང་ཆུང་། ཀུན་སྤྱོད་དཔེ་ལེགས་སློབ་མ། དཔལ་ཡོན་འཛིན་གྲྭ་སོགས་ཀྱི་མཚན་སྙན་ཐོབ་པའི་མི་སྒེར་དང་སློབ་མར་གཟེངས་བསྟོད་བྱས།མཇུག་ཏུ་སློབ་གྲོགས་ཡོངས་ལྔ་གཉིས་འཛིན་གྲྭས་འཁྲབ་པའི<གསེར་མདོག་གི་བྱིས་དུས>ཞེས་པའི་གར་གྱི་ཡོལ་བ་དང་བསྟུན་ནས་རིག་རྩལ་འཁྲབ་སྟོན་ལ་དངོས་སུ་ཞུགས།

 
418699645688616549.jpg
646067152503822855.jpg
རུ་དར་འོག་ཏུ་དམ་བཅའ་འཇོག་པ།
 270029456548308718.jpg
སློབ་གཙོ་ལྷ་རྒྱལ་དོན་གྲུབ་ཀྱིས་དུས་ཆེན་ལ་ཤིས་ཚིག་འབུལ་བ།
805281366864893640.jpg
སློབ་མར་བྱ་དགའ་སྟེར་བཞིན་པ།
893715682679726558.jpg
264523232939723169.jpg
229239614941343112.jpg
གར་གྱི་སྟངས་སྟབས། 
24090955974238015.jpg
572113767229436383.jpg
148722080711583585.jpg
276651550151126459.jpg
སྐྱིད་པའི་འཛུམ་ཆུང་།
 
 

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།