སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།། གྲངས་རིག་ཁྲིད་དཔྱོད་ཁང་གིས་ཟླ་རྒྱུགས་དབྱེ་ཞིབ་ཚོགས་འདུ་བསྡུས་པ།

སྤེལ་དུས། 2018-05-11 15:48:40    རྡེབ་ཚད།
མཉམ་སྤྱོད་གནས།
   
 
微信图片_20180511155515.jpg
ཟླ5བའི་ཚེས9ཉིན་གྱི་ཕྱི་དྲོར།      གྲངས་རིག་ཁྲིད་དཔྱོད་ཁང་གིས་སློབ་གྲྭའི་ཚོགས་ཁང་དུ་ཟླ་རྒྱུགས་དབྱེ་ཞིབ་བྱེད་པའི་ཚོགས་འདུ་བསྡུས། ཚོགས་འདུར་སློབ་གཙོ་ལྷ་རྒྱལ་དོན་གྲུབ་དང་།  སློབ་སྟོན་ཀྲུའུ་རིན་ལྷུན་འགྲུབ་ནོར་བུ། ཀྲུའུ་རིན་གཞོན་པ་རྣམ་ཐར།   གྲངས་རིག་སློབ་དཔྱོད་ཁང་གི་ཚན་གཙོ་ཆོག་རུས་མ། གཞན་གྲངས་རིག་དགེ་རྒན་བཅས་ཞུགས་ཤིང་། སློབ་གཙོ་ལྷ་རྒྱལ་དོན་འགྲུབ་ཀྱིས་མགོ་འཛིན་བྱས་ཏེ། ཟླ་གསུམ་པ་དང་བཞི་བའི་གྲངས་རིག་ཟླ་རྒྱུགས་ཀྱི་སློབ་མའི་སྐར་འབྲས་ལ་དཔྱད་བསྡུར་བྱས།  དེ་རྗེས་གྲངས་རིག་སློབ་དཔྱོད་ཁང་གི་ཚན་གཙོ་ཆོག་རུས་མ་ཡིས་འཛིན་གྲྭ་རེ་རེའི་རྒྱུགས་འབྲས་དང་འཛིན་གྲྭ་ཕན་ཚུན་བར་གྱི་ཆ་སྙོམས་སྐར་འབྲས་ཀྱི་བར་ཁྱད་ལ་ཞིབ་བསྡུར་བྱས་པ་དང་། ཟླ་བཞི་བའི་ཟླ་རྒྱུགས་ཀྱི་རྒྱུགས་གཞི་དང་རྒྱུགས་ཤོག་ལ་ཁ་གསལ་ཞིང་དོན་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་ཤིང་། རྒྱུགས་ཤོག་སྟེང་གི་ནང་དོན་མང་ཉུང་དང་དཀའ་སླ། སྣ་འཛོམས་ཡིན་མིན་སོགས་ཀྱི་སྒོ་ནས་དབྱེ་ཞིབ་མཛད་པ། དེ་མིན་ཟླ་རྗེས་མའི་ཟླ་རྒྱུགས་ལེན་པའི་དུས་སུ་རྒྱུགས་བཅའ་སྟངས་ཀྱི་ཐད་དུ་རེ་བ་ བཏོན་པ་དང་། གཙོ་བོ་གྲངས་རིག་སློབ་ཁྲིད་ཀྱི་སྐབས་སུ་སློབ་མའི་བསམ་གཞིགས་ཀྱི་ནུས་བ་དང་དབྱེ་ཞིབ་ཀྱི་ནུས་བ་མཐོར་འདེགས་གཏོང་བའི་ཕྱོགས་ལ་རེ་བབཏོན། 
         སློབ་གཙོ་ལྷ་རྒྱལ་དོན་འགྲུབ་ཀྱིས་གྲངས་རིག་དགེ་རྒན་རྣམས་ལ་ཡང་དང་ཡང་དུ་ཁྱིམ་བདག་གིས་རེ་བ་སྟོང་ཟད་དུ་མི་གཏོང་བར་གྲངས་རིག་གི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་དགོས་པ་སྟེ།    ནམ་ཡང་སློབ་མ་དགེ་རྒན་ལ་དགའ་བ་དང་དགེ་རྒན་སློབ་མར་གཅེས་བ།   སློབ་ཁྲིད་ཀྱི་སྐབས་སུ་བྱིས་པའི་དགའ་སྣང་གསོ་སྐྱོང་བྱེད་པ།   སློབ་ཁྲིད་བཅོས་བསྒྱུར་དང་སློབ་མ་རང་འགུལ་ཅན་དུ་བསྒྱུར་བ།   དགེ་རྒན་གྱིས་སློབ་ཁྲིད་གྲྭ་སྒྲིག་བཟང་བོ་བྱེད་པ།   སློབ་ཁང་ལས་བྱ་བཀོལ་སྒྲིག་བྱེད་པ་སོགས་ཀྱི་ཐད་ལ་རེ་བ་ནན་མོ་བཏོན།མཐར་སློབ་སྟོན་ཀྲུའུ་རིན་ལྷུན་འགྲུབ་ནོར་བུས་གྲངས་རིག་དགེ་རྒན་ཡོངས་ཀྱིས་རྗེས་ཕྱོགས་མུ་མཐུད་དུ་ནངས་དགོང་གི་སློབ་མ་འཛིན་སྟངས་དང་སློབ་ཁང་སློབ་ཁྲིད   རྒྱུགས་གཞི་བཟོ་སྟངས་སོགས་ཀྱི་ཐད་ལ་ནན་ནན་ཏིག་ཏིག་དང་གཟབ་ནན་ཆེན་པོ་བྱེད་པ་དང་དེ་ནས་མུ་མཐུད་དུ་ཀྲུའུ་རིན་གཞོན་པ་རྒན་གནམ་ཐར་གྱིས་གྲངས་རིག་དགེ་རྒན་རྣམས་ལ་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་བཀོལ་ནས་སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ཡར་ཐོན་དང་གྲངས་རིག་རྨང་གཞིའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སློབ་མར་གྲངས་རིག་་སྦྱངས་འདོད་ཡོད་པའི་དགའ་སྣང་སྐྱེད་སྲིང་བྱས་ཏེ སློབ་མའི་གྲངས་རིག་་གི་སྦྱངས་འབྲས་སྔོན་དང་བསྡུར་ན་ཇེ་མཐོར་གཏོང་བར་འབད་བརྩོན་བྱེད་རྒྱུ་རེ་བ་བཏོན།
微信图片_20180511155507.jpg 
 དེ་ནས་གྲངས་རིག་ཚན་ཁག་གི་དགེ་རྒན་དབང་བྷ་ཡིས་རྒྱུན་ལྡན་གྱི་སློབ་ཁྲིད་ཁྲོད་དུ་སློབ་མའི་གྲངས་རིག་སྦྱངས་འདོད་ཀྱི་ནུས་བ་ཞན་པ་དང་གནད་དོན་ཐག་གཅོད་ཀྱི་ཐད་ལ་བཀག་རྒྱ་ཡོད་པ་བཅས་ཀྱི་ཐད་ལ་དགེ་གྲོགས་གཞན་དང་བསམ་བློ་བརྗེ་རེས་བྱས་པ་དང་རྗེསཕྱོགས་འདིའི་ཐད་ལ་སློབ་མ་དང་དགེ་རྒན།   ཡང་ན་ཁྱིམ་བདག་ཚང་མས་ནན་ཏན་དང་གཙིགས་ཆེན་དུ་བཟུང་དགོས་བའི་སྐོར་ལ་ཁ་བརྡ་བྱས།མཇུག་མཐར་སློབ་གཙོ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་སྤྱི་བསྡོམས་བྱས་ཏེ་རྗེས་ཕྱོགས་གྲངས་རིག་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་སྐབས་སུ་སློབ་མའི་ཤེས་བྱའི་ཆུ་ཚད་དང་བསྟུན་ནས་སློབ་ཁྲིད་བྱེད་པ་དང་འོས་ཤིང་འཚམ་པའི་ལས་བྱ་བཀོད་སྒྲིག་བྱེད་པ།   དགེ་སློབ་བར་ལ་དགའ་སྣང་དང་སྤྲོ་སྣང་ཅན་གྱི་འབྲེལ་བ་ཡོད་པའི་རྨང་གཞི་སྟེང་སློབ་མའི་ཤེས་བྱ་སྦྱངས་འདོད་ཀྱི་བསམ་པའི་བརྩེ་དུང་ཚུར་འགུགས་ཐུབ་པའི་ཕྱོགས་ལ་ཡང་དང་བསྐྱར་དུ་ནན་བཤད་བྱས། དེ་དང་བསྟུན་ནས་ཐེངས་འདིའི་ཚོགས་འདུ་མཇུག་རྫོགས།།རྩིས་རིག་གཞུང་སྒྲུབ་ཁང་གིས་སྤེལ
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།