སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།རང་སློབ་གྲྭས་ཟླ་རྒྱུགས་དབྱེ་ཞིབ་ཀྱི་ཚོགས་འདུ་བསྡུས་པ།

སྤེལ་དུས། 2018-05-10 17:03:40    རྡེབ་ཚད།
མཉམ་སྤྱོད་གནས།
   

微信图片_20180510170133.jpg

ཟླ5བའི་ཚེས8ཉིན་གྱི་ཕྱི་དྲོར། སྐད་ཡིག་སློབ་དཔྱོད་ཁང་དང་རྒྱ་ཡིག་སློབ་དཔྱོད་ཁང་གཉིས་ཀྱིས་
ཟླ་བ་བཞི་བའི་ཟླ་རྒྱུགས་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་སློབ་གྲྭའི་ཚོགས་ཁང་དུ་བསྡུས། ཚོགས་སྟེང་དུ་སློབ་གཙོ་ལྷ་རྒྱལ་དོན་གྲུབ་དང་།  སློབ་སྟོན་ཀྲུའུ་རིན་ལྷུན་འགྲུབ་ནོར་བུ། སྐད་ཡིག་སློབ་དཔྱོད་ཁང་གི་ཚན་གཙོ་ལྷ་རྩེ་རྒྱལ་དང་སྐད་ཡིག་དགེ་རྒན་ཡོངས། རྒྱ་ཡིག་སློབ་དཔྱོད་ཁང་གི་ཚན་གཙོ་འབྲུག་མོ་མཚོ་དང་རྒྱ་ཡིག་དགེ་རྒན་ཡོངས།   སློབ་སྟོན་ཁང་གི་རྣམ་ཐར་རྒྱལ་བཅས་ཞུགས།  ཚོགས་འདུར་སློབ་གྲྭའི་སློབ་གཙོ་ལྷ་རྒྱལ་དོན་འགྲུབ་ཀྱིས་མགོ་འཛིན་བྱས་ཤིང་། ཟླ་གསུམ་པ་དང་ཟླ་བཞི་བའི་སྐད་ཡིག་ཟླ་རྒྱུགས་ཀྱི་སློབ་མའི་སྐར་འབྲས་ལ་དཔྱད་སྡུར་བྱས། དེ་རྗེས་སྐད་ཡིག་སློབ་དཔྱོད་ཁང་གི་ཚན་གཙོ་ལྷ་རྩེ་རྒྱལ་གྱིས་ལོ་རིམ་རེ་རེའི་སྐར་འབྲས་དང་འཛིན་གྲྭ་ཕན་ཚུན་བར་གྱི་ཆ་སྙོམས་སྐར་འབྲས་ཀྱི་བར་ཁྱད་ཞིབ་བསྡུར་བྱས་པ་དང་། ཟླ་བཞི་བའི་ཟླ་རྒྱུགས་ཀྱི་རྒྱུགས་གཞི་དང་རྒྱུགས་ཤོག་ལ་ཁ་གསལ་ཞིང་དོན་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་ཤིང་། རྒྱུགས་ཤོག་སྟེང་གི་ནང་དོན་མང་ཉུང་དང་དཀའ་སླ། སྣ་འཛོམས་ཡིན་མིན་སོགས་ཀྱི་སྒོ་ནས་དབྱེ་ཞིབ་མཛད་པ། དེ་མིན་ཟླ་རྗེས་མའི་ཟླ་རྒྱུགས་ལེན་པའི་དུས་སུ་རྒྱུགས་བཅའ་སྟངས་ཀྱི་ཐད་དུ་རེ་བ་ནན་མོ་བཏོན་པ་དང་། གཙོ་བོ་ཀློག་འདོན་དང་བྲིས་གཟུགས་ཕྱོགས་སུ་མུ་མཐུད་དུ་ཤུགས་བརྒྱབ་སྟེ་སློབ་མའི་འབྲི་ཀློག་གི་ནུས་པ་ཡར་ཐོན་ཡོང་བར་སྟོབས་ཤུགས་ཆེན་པོ་བཀོལ་དགོས་ཚུལ་བསྟན། 
微信图片_20180510170139.jpg 
སློབ་གཙོ་ལྷ་རྒྱལ་དོན་འགྲུབ་ཀྱིས་སྐད་ཡིག་དགེ་རྒན་རྣམས་ལ་ལོ་རིམ་དང་པོ་ནས་བཟུང་སྟེ་སློབ་མར་འབྲི་ཀློག་རྨང་གཞི་ལེགས་པོ་འཇོག་དགོས་པ་དང་། དེ་མིན་ཁྱིམ་བདག་རྣམ་པའི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཁྱིམ་བདག་དང་འབྲེལ་འདྲིས་གང་ལེགས་བྱས་ཏེ། སློབ་མའི་སྐད་ཡིག་གི་རྨང་གཞིའི་ཆུ་ཚད་སྔར་ལས་མངོན་གསལ་དོད་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས་ཤིང་། སློབ་མའི་ཀློག་འདོན་གྱི་ནུས་པ་གོང་འཕེལ་གཏོང་ཆེད་བསླབ་ཕྱིའི་དཔེ་ཀློག་མང་ཙམ་བྱེད་དུ་འཇུག་པར་མཛུབ་སྟོན་དང་གོམས་གཤིས་བཟང་བོ་ཆགས་སུ་འཇུག་པ། སློབ་མའི་བྲིས་གཟུགས་ཇེ་ལེགས་སུ་གཏོང་བར་དགེ་རྒན་ཚོས་རྒྱུན་དུ་ལས་བྱ་འབྲི་སྐབས་རེ་བ་ནན་མོ་བཟུང་བ་དང་སློབ་མའི་ནན་ནན་ཏིག་ཏིག་གིས་འབྲི་བར་ལོབས་སུ་བཅུག་སྟེ་ཡིག་གཟུགས་ཇེ་ལེགས་སུ་གཏོང་བར་ཤུགས་རྒྱག་དགོས་པའི་རེ་བ་བཏོན།
མཐར་སློབ་སྟོན་ཀྲུའུ་རིན་ལྷུན་འགྲུབ་ནོར་བུས་སྐད་ཡིག་དགེ་རྒན་ཡོངས་ཀྱིས་རྗེས་ཕྱོགས་མུ་མཐུད་དུ་ནན་ནན་ཏིག་ཏིག་དང་གཟབ་ནན་ཆེན་པོས་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་བཀོལ་ནས་སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ཡར་ཐོན་དང་སློབ་མའི་སྐད་ཡིག་གི་རྨང་གཞིའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སློབ་མར་སྐད་ཡིག་སྦྱངས་འདོད་ཡོད་པའི་དགའ་སྣང་སྐྱེད་སྲིང་བྱས་ཏེ་འབྲི་ཀློག་གཉིས་ཀྱི་རྨང་གཞིའི་ནུས་པ་སྲ་བརྟན་དུ་བཏང་ནས་སློབ་མའི་བོད་སྐད་ཡིག་གི་ཤེས་བྱའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བར་ཚང་མས་འབད་པ་བྱེད་དགོས་པའི་འབོད་སྐུལ་བཏང་།
微信图片_20180510170133.jpg 
དེའི་འཕྲོར་རྒྱ་ཡིག་སློབ་དཔྱོད་ཁང་གིས་ཟླ་བཞི་བའི་ཟླ་རྒྱུགས་དབྱེ་ཞིབ་ཀྱི་དཔྱད་གླེང་ཚོགས་འདུ་འཚོགས་པ་དང་། ཚོགས་འདུར་སློབ་གཙོ་ལྷ་རྒྱལ་དོན་འགྲུབ་ལགས་ཀྱིས་གཙོ་ཁྲིད་བྱས་ཏེ་ཐོག་མར་ཟླ་གསུམ་པ་དང་ཟླ་བཞི་བའི་ཟླ་རྒྱུགས་ཀྱི་འཛིན་གྲྭ་སོ་སོའི་ཆ་སྙོམས་སྐར་འབྲས་ལ་ཞིབ་སྡུར་བྱས་ནས་འཛིན་གྲྭ་ཕན་ཚུན་བར་གྱི་ཆ་སྙོམས་སྐར་འབྲས་ཀྱི་བར་ཁྱད་ལ་རྩད་སྡུར་དང་དེའི་གནད་དོན་ཐེར་འདོན་བྱས། དེ་ནས་རྒྱ་ཡིག་སློབ་དཔྱོད་ཁང་གི་ཚན་གཙོ་འབྲུག་མོ་མཚོས་ཟླ་བཞི་བའི་ཟླ་རྒྱུགས་ཀྱི་རྒྱུགས་ཤོག་དབྱེ་ཞིབ་དང་། འཛིན་གྲྭ་སོ་སོའི་ཆ་སྙོམས་སྐར་འབྲས་ལ་དབྱེ་ཞིབ། ཟླ་རྒྱུགས་ཀྱི་ཁྲོད་དུ་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་རྗེས་ཕྱོགས་ཅི་ལྟར་བཅོས་སྒྱུར་བྱེད་དགོས་པའི་སྐོར་ནས་གསལ་བཤད་བྱས། དེ་ནས་དགེ་རྒན་ཀྲིག་ལགས་ཀྱིས་འཛིན་གྲྭའི་ནང་ན་སློབ་མ་ཕན་ཚུན་བར་སློབ་སྦྱོང་གི་བཟང་ངན་ཁྱད་པར་ཤོར་དྲགས་ཡོད་པས། དགེ་རྒན་གྱིས་ཐབས་ཤེས་སྣ་མང་བཀོལ་ནས་རྗེས་ལུས་སློབ་མའི་སློབ་སྦྱོང་གི་དགའ་སྣང་སྐྱེད་སྲིང་བྱེད་པ་དང་། རྨང་གཞི་གཙོར་བཟུང་སྟེ་སློབ་མར་སློབ་ཁྲིད་དང་རམ་འདེགས་མང་ཙམ་བྱས་ནས་སློབ་མའི་རྒྱ་ཡིག་གི་ཤེས་བྱའི་ཆུ་ཚད་གོང་འཕེལ་གཏོང་དགོས་ཚུལ་བརྗོད།
微信图片_20180510170147.jpg 
དེ་རྗེས་སློབ་གཙོ་ལགས་ཀྱིས་རྒྱ་ཡིག་དགེ་རྒན་རྣམས་ལ་སློབ་ཁྲིད་བྱེད་ཐབས་ཀྱི་ཕྱོགས་ནས་བཅོས་སྒྱུར་ཤུགས་ཆེན་པོ་རྒྱག་དགོས་པའི་འབོད་སྐུལ་བཏང་བ་མ་ཟད། ནམ་རྒྱུན་དགེ་རྒན་རང་ཉིད་ཀྱི་རྒྱ་ཡིག་གི་ཆུ་ཚད་དང་རྒྱུ་སྤུས་ཇེ་མཐོར་གཏོང་བར་འབད་པ་དང་དཔེ་ཀློག་བྱེད་པ། སློབ་ཁྲིད་གྲ་སྒྲིག་ལེགས་པོ་བྱེད་པ། ཡང་དག་པ་དང་ཤ་ཚ་བའི་སྒོ་ནས་སློབ་མར་ལམ་སྟོན་དང་མཛུབ་སྟོན་གནང་བ། སློབ་ཁང་སློབ་ཁྲིད་ཀྱི་ཁྲོད་དུ་སློབ་མའི་བྱ་འགུལ་མང་དུ་བཅུག་སྟེ་སྦྱོང་བརྡར་མང་ཙམ་དང་བསམ་གཞིགས་མང་ཙམ་གཏོང་བའི་གོམས་སྲོལ་ཆགས་སུ་འཇུག་པ། དགེ་རྒན་གཅིག་པུས་གཙོ་ཁྲིད་བྱེད་པའི་ཁྲིད་ཐབས་རྣམ་པ་བསྒྱུར་ནས་དེང་རབས་སློབ་ཁྲིད་ཀྱི་ཁྲིད་ཐབས་གསར་བ་སྟེ་སྔོན་སྦྱོང་རྗེས་ཁྲིད་ཀྱི་ཁྲིད་ཐབས་བཀོལ་ནས་སློབ་མའི་ཤེས་རྟོགས་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས་པ། རྒྱུན་དུ་ཁྱིམ་བདག་དང་འབྲེལ་འདྲིས་མང་ཙམ་བྱས་ནས་བསླབ་ཕྱིའི་དཔེ་ཆ་མང་བོ་འདེམས་ནས་ལྟ་རུ་བཅུག་སྟེ་སློབ་སྦྱོང་གི་རྣམ་འགྱུར་ཇེ་ལེགས་སུ་གཏོང་བར་འབད་དགོས་པ། སློབ་སྦྱོང་ལ་དཀའ་ཁག་ཡོད་པའི་སློབ་མར་རོགས་འདེགས་མང་ཙམ་བྱེད་དགོས་པ་སོགས་ཀྱི་རེ་བ་ནན་མོ་བཏོན།
微信图片_20180510171433.jpg
མཇུག་མཐར་སློབ་སྟོན་ཀྲུའུ་རིན་ལགས་ཀྱིས་དགེ་རྒན་གསར་བ་དག་གིས་དགེ་རྒན་རྙིང་བ་རྣམས་ལ་འབྲེལ་འདྲིས་མང་ཙམ་བྱས་ཏེ་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། རྒྱུན་དུ་སློབ་མ་དང་འབྲེལ་འདྲིས་མང་ཙམ་བྱེད་པ། ནངས་སྦྱོང་གི་སློབ་མའི་ཀློག་འདོན་ལ་ཤུགས་སྣོན་པ། སློབ་ཁང་སློབ་ཁྲིད་ཀྱི་བྱེད་ཐབས་བསྒྱུར་ནས་སློབ་མ་གཙོ་གཞི་དང་དགེ་རྒན་ཕལ་བ་ཡིན་པའི་ཁྲིད་ཐབས་བཀོལ་དགོས་ཚུལ་སོགས་ཀྱི་རེ་བ་ནན་མོ་བཏོན།   (སློབ་སྟོན་ཁང་གིས་སྤེལ
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།