སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།རང་སློབ་གྲྭས་དགའ་བ་བཞི་དང་ལྡན་པ་གསུམ་གྱི་སློབ་གསོ་བརྗོད་གཞིའི་བྱ་འགུལ་སྤེལ།

སྤེལ་དུས། 2018-05-10 11:31:18    རྡེབ་ཚད།
མཉམ་སྤྱོད་གནས།
   

微信图片_20180510113406.jpg

རང་སློབ་གྲྭས་ཏང་ཀྲི་པུའུཡིས་སྐུལ་སློང་ཚོགས་འདུ་བསྡུས་ཏེ་སློབ་གྲྭའི་གོང་འོག་བར་གསུམ་གྱིས་གཙོ་འཛིན་ལ་དགའ་བ་དང་ཏང་ལ་དགའ་བ། མེས་རྒྱལ་ལ་དགའ་བ། མཚོ་སྔོན་ལ་དགའ་བ་བཅས་དགའ་བ་བཞི་དང་། ཕུགས་བསམ་ཡོད་པ་དང་ནུས་པ་ཡོད་པ། ཁག་ཁུར་ཡོད་པ་བཅས་ཡོད་པ་གསུམ་གྱི་སློབ་གསོའི་བྱ་འགུལ་སྤེལ་ཞིང་།དེས་སློབ་གྲྭ་ཡོངས་ཀྱི་ལོ་ཧྲིལ་བོའི་བསམ་བློ་ཆབ་སྲིད་སློབ་གསོ་བྱ་བའི་གཙོ་གནད་དུ་བརྩིས་ནས་སློབ་གསོའི་སློབ་ཁྲིད་དང་སློབ་གླིང་རིག་གནས་འཛུགས་སྐྲུན། དགེ་སློབ་ཀྱི་སྤྱི་ཚོགས་ལག་ལེན་བཅས་ཀྱི་དུས་རིམ་སོ་སོའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་པ་དང་། དགའ་བ་བཞི་དང་ཡོད་པ་གསུམ་གྱི་དོན་སྙིང་སྔོག་འདོན་བྱས་ནས་གཅན་ཚའི་སློབ་གསོའི་མིང་རྟགས་གྲགས་ཅན་ཧུར་ཐག་གིས་བསྐྲུན།
སློབ་དཔྱོད་ཁང་དང་འཛིན་གྲྭ་སོ་སོས་དགའ་བ་བཞི་དང་ཡོད་པ་གསུམ་གྱི་སློབ་གསོ་བརྗོད་གཞིའི་རིག་གནས་ཁྱམས་ར་དང་དྲིལ་སྒྲོག་པང་ལེབ། སྤྱི་ཕན་བརྡ་ཁྱབ་སོགས་ལ་སེམས་ཞིབ་མོས་ཇུས་འགོད་བྱས་ཏེ་དགའ་བ་བཞི་དང་ཡོད་པ་གསུམ་གྱི་སློབ་གསོར་དུས་ནམ་ཡིན་ཡང་སློབ་སྦྱོང་བྱེད་ཆོག་པར་བྱས། དེ་དང་མཉམ་དུ། རྒྱ་ཆེའི་སློབ་མ་ཚོར་སྣེ་ཁྲིད་དེ་སློབ་མ་ཚོའི་རྒྱལ་གཅེས་བསམ་བློ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་པ་དང་། རྣམ་པ་སྣ་མང་གི་སློབ་གསོའི་ཁྲིད་སྟོན་བརྒྱུད་ནས་རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་དགའ་བ་བཞི་དང་ཡོད་པ་གསུམ་ལག་བསྟར་བྱེད་པའི་རང་འགུལ་རང་བཞིན་དང་སྲ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་། །
 微信图片_20180510113418.jpg
微信图片_20180510113425.jpg
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།