སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།གངས་ལྷ་མེ་ཏོག་མཉམ་འབྲེལ་ཚོགས་པས་རང་སློབ་གྲྭར་གཅེས་སེམས་འབུལ་བའི་བྱེད་སྒོ་སྤེལ།

སྤེལ་དུས། 2018-05-08 11:20:30    རྡེབ་ཚད།
མཉམ་སྤྱོད་གནས།
   

微信图片_20180508111207.jpg

ཟླ5པའི་ཚེས8ཉིན་གྱི་སྔ་དྲོར་སུའུ་ཀྲིག་བཟོ་ལས་གླིང་ཁུལ་གངས་ལྷ་མེ་ཏོག་མཉམ་འབྲེལ་ཚོགས་པས་རང་སློབ་གྲྭར་གཅེས་སེམས་དཔེ་ཆ་དང་རོགས་དངུལ་གནང་བའི་བྱེད་སྒོ་སྤེལ།བྱེད་སྒོ་ལ་སློབ་གྲྭའི་སློབ་གཙོ་ལྷ་རྒྱལ་དོན་གྲུབ་དང་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་གཞོན་པ་ཆོས་སྐྱོང་བཀྲ་ཤིས་སོགས་འབྲེལ་ཡོད་འགོ་ཁྲིད་དང་གངས་ལྷ་མེ་ཏོག་མཉམ་འབྲེལ་ཚོགས་པའི་དངས་བླངས་ལས་མི་དྲུག་ལྷག་ཞུགས། སློབ་གྲྭའི་གཤིས་སྐྱོང་ཁང་གི་འགོ་གཙོ་རྡོ་རྗེ་རིན་ཆེན་གྱིས་འགོ་འཛིན་བྱས་ཤིང་སློབ་གྲྭའི་སློབ་གཙོ་ལྷ་རྒྱལ་དོན་གྲུབ་ཀྱིས་གངས་ལྷ་མེ་ཏོག་མཉམ་འབྲེལ་ཚོགས་པས་འདས་པའི་མི་ལོ་དུ་མའི་རིང་ནས་བཟུང་སློབ་གྲྭའི་སློབ་མར་རོགས་དངུལ་གནང་བ་མ་ཟད་ཐེངསའདིར་ཡང་སློང་གྲྭའི་དཔེ་མཛོད་ཁང་དུ་དམངས་སྒོར་ཆིག་ཁྲི་ལྷག་གི་དཔེ་ཆ་སྦྱིན་པར་སེམས་གཏིང་ནས་བཀའ་དྲིན་ཞུ་བ་མ་ཟད་རོགས་དངུལ་ཐོབ་པའི་སློབ་མ་དང་ཁྱིམ་བདག་ཡོངས་ལ་མཉམ་འབྲེལ་ཚོགས་པའི་དངས་བླངས་ལས་མི་དག་གི་རེ་བ་གཏོང་ཟད་དུ་མི་གཏོང་བར་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།
 微信图片_20180508111224.jpg
微信图片_20180508111312.jpg
微信图片_20180508111238.jpg

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།