སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།རང་སློབ་གྲྭས་ཕུལ་བྱུང་སློབ་མར་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བསྡུས་པ།

སྤེལ་དུས། 2018-03-25 19:16:01    རྡེབ་ཚད།
མཉམ་སྤྱོད་གནས།
   

 

  微信图片_20180325185609.jpg
   སློབ་མའི་སློབ་སྦྱོང་གི་ནུས་པར་སྐུལ་འདེད་དང་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་སྤྲོ་བར་དམིགས་ནས་ཟླ༣པའི་ཚེས༢༢ཉིན་གྱི་ཕྱི་དྲོར་རང་སློབ་གྲྭས་ལུས་རྩལ་ར་བ་རུ་གཟེངས་བསྟོད་ཚོགས་འདུ་བསྡུས་ཏེ་སློབ་སྐབས་སྔོན་མའི་མཇུག་རྒྱུགས་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་བསླབ་འབྲས་ཁྱད་འཕགས་ཅན་གྱི་སློབ་མ42དང་། མཇུག་རྒྱུགས་ཁྲོད་བསླབ་འབྲས་རིམ་པ་ལྔ་ལྡིང་དང་བཅུ་ལྡིང་གི་སློབ་མ31།དགུན་གནང་གི་སྐབས་ཀྱི་བསླབ་ཁག་སོ་སོའི་ལས་བྱ་བྲིས་པ་ལེགས་པ་དང་རྒྱ་བོད་ཡིག་རིགས་ཀྱི་རྩོམ་ཡིག་བྲིས་པ་བཟང་པའི་སློབ་མ84།གཞན་དགུན་གནང་སྐབས་སྐད་ཡིག་རྨང་གཞིའི་ཤེས་བྱ་བློར་འཛིན་ཡོངས་འགྲུབ་བྱས་པ་བཟང་པའི་སློབ་མ92བཅས་བསྡོམས་པའི་སློབ་མ250ལྷག་དང་འཛིན་གྲྭ4བཅས་ལ་བྱ་དགའ་བྱིན་ཏེ་མུ་མཐུད་དུ་འབད་པ་བྱེད་དགོས་པའི་སྐུལ་མ་བཏང་། ཚོགས་འདུའི་སྟེང་སློབ་གཙོ་ལྷ་རྒྱལ་དོན་གྲུབ་ཀྱིས་གཟེངས་བསྟོད་ཐོབ་པའི་སློབ་མ་དང་འཛིན་གྲྭར་རྟེན་འབྲེལ་ཞུ་བ་དང་མཉམ་དུ་རེ་བ་འགའ་བཏོན་པ་སྟེ། གཅིག་ནས་སློབ་མ་ཡོངས་ཀྱིས་ལས་བྱའི་ཡིག་གཟུགས་ཇེ་ལེགས་དང་འབྲི་བྱའི་སྨྱུ་གུ་ལོ་རིམ་དང་འཚམ་པའི་སྒོ་ནས་བཀོལ་སྤྱོད་བྱེད་པ་དང་། གཉིས་ནས་སློབ་གྲོགས་ཚོས་གསེར་ལས་ལྷག་པའི་བྱིས་དུས་ཀྱི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་རང་ཉིད་ལ་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཚུལ་བསྟན་པ་མ་ཟད།སློབ་གྲྭ་འགྲོ་འོང་གི་ལམ་ཁའི་བདེ་འཇགས་སོགས་ལ་རེ་བ་ནན་མོ་བཏོན། ཚོགས་འདུར་སློབ་གཙོ་གཞོན་པ་འབྲུག་གོ་ཐར་གྱིས་འགོ་འཛིན་བྱས།

微信图片_20180325184914.jpg

བསླབ་འབྲས་ཁྱད་འཕགས་ཅན་གྱི་སློབ་མ།

微信图片_20180325190830.jpg

སྐད་ཡིག་རྨང་གཞིའི་ཤེས་བྱ་བློར་འཛིན་ཡོངས་འགྲུབ་བྱས་པ་བཟང་པའི་སློབ་མ།

微信图片_20180325184925.jpg

རིམ་པ་ལྔ་ལྡིང་དང་བཅུ་ལྡིང་གི་སློབ་མ།

微信图片_20180325184944.jpg

དགུན་གནང་གི་སྐབས་ཀྱི་བསླབ་ཁག་སོ་སོའི་ལས་བྱ་དང་རྩོམ་ཡིག་བྲིས་པ་བཟང་པའི་སློབ་མ།

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།