སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།རྫོང་མི་རབས་རྗེས་མར་སེམས་ཁུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ངེད་སློབ་གྲྭར་ཕེབས་པ།

སྤེལ་དུས། 2017-12-27 09:14:43    རྡེབ་ཚད།
མཉམ་སྤྱོད་གནས།
   

 微信图片_20171227092311.jpg                                                                                                                                                                                                                                    

      ཟླ༡༢པའི་ཚེས༢༥ཉིན་རྫོང་དམངས་ཆེན་གྱི་ཀྲུའུ་རིན་ཟུར་པའམ་རྫོང་མི་རབས་རྗེས་མར་སེམས་ཁུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་རྡོ་རྗེ་དང་རྫོང་ནགས་ལས་ཅུའུ་ཅུའུ་ཀྲང་ཟུར་པ།རྫོང་མི་རབས་རྗེས་མར་སེམས་ཁུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གཞོན་པ་དོན་བྷ།རྫོང་ལས་བྱེད་རྒན་པ་ཅུའུ་ཅུའུ་ཀྲང་།རྫོང་མི་རབས་རྗེས་མར་སེམས་ཁུར་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཆོས་མཚོ་བཅས་རང་སློབ་གྲྭར་ཡོང་ནས་བྱ་བར་རྟོགས་དཔྱོད་བྱས།རྟོགས་དཔྱོད་ཚོགས་པ་སྔ་གཞུག་ཏུ་སློབ་གྲྭའི་དཔེ་ཀློག་ཁང་དང་།རོལ་དབྱངས་ཁང་།མཛེས་རྩལ་ཁང་།ཚན་རིག་ཚོད་བལྟ་ཁང་།སྤྱི་ཚོགས་ལག་ལེན་ཁང་།རྩལ་སྦྱངས་ཡོ་བྱད་ཁང་།ཡིག་གཟུགས་འགྲེམས་སྟོན་ཁང་།སློབ་རའི་ཚགས་པར་རྩོམ་སྒྲིག་ཁང་།སློབ་རའི་རྒྱང་སྒྲོག་ཁང་། རྩིས་འཁོར་ཁང་སོགས་སུ་སོང་ནས་རྨང་གཞིའི་སྒྲིག་ཆས་དང་།བཀོལ་སྤྱོད་གནས་ཚུལ།དགེ་རྒན་བཀོད་སྒྲིག་སོགས་ལ་བལྟས་པ་དང་།སློབ་རའི་ཚགས་པར་དང་སློབ་ཁྲིད་དཔྱད་གཞིའི་བང་མཛོད། སློབ་རའི་རྒྱང་སྒྲོག་ཁང་། སློབ་གྲྭའི་རང་སྒྲིག་དཔེ་ཚོགས་སོགས་ནི་སློབ་གྲྭ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་སྣང་བ་མ་ཟད། མི་རིགས་སློབ་གསོ་སྒྲུབ་པའི་གོ་རིམ་ཁྲོད་དུ་སློབ་མའི་འཇོན་ནུས་སྔོག་འདུན་བྱེད་པར་མཐུན་རྐྱེན་ལེགས་པོ་མཁོ་འདོན་བྱས་འདུག་ཅེས་ཁས་ལེན་གང་ལེགས་བྱས་ཤིང་།མི་རབས་རྗེས་མའི་དོན་དུ་ཧུར་བརྩོན་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུ།སློབ་གྲྭའི་སློབ་གཙོ་ལྷུན་གྲུབ་རྒྱལ་གྱིས་ཕྱོགས་ཡོངས་ནས་སློབ་གྲྭའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས།
 

微信图片_20171227094111.jpg

微信图片_20171227094118.jpg

微信图片_20171227094102.jpg

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།