སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།སློབ་གྲྭའི་འགོ་ཁྲིད་མ་བུ་བདེ་སྲུང་ས་ཚིགས་སུ་བསྐྱོད་དེ་བཀའ་དྲིན་ཞུ་བ།

སྤེལ་དུས། 2017-12-24 18:26:14    རྡེབ་ཚད།
མཉམ་སྤྱོད་གནས།
   

     微信图片_20171224182834.jpg

  ཟླ༡༡པའི་ཚེས༡༧ཉིན་རང་སློབ་གྲྭའི་སློབ་གྲྭའི་སློབ་གཙོ་ལྷུན་གྲུབ་རྒྱལ་དང་སློབ་གཙོ་གཞོན་པའམ་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་སྐྱོང་བཀྲ་ཤིས་གཉིས་རྫོང་མ་བུ་བདེ་སྲུང་ས་ཚིགས་སུ་བསྐྱོད་དེ་ལས་ཁུངས་དེའི་ལས་བཟོ་བ་ཡོངས་ལ་བཀའི་དྲིན་གྱི་སེམས་འདུན་མཚོན་པའི་གོས་དར་བྱིན།སློབ་གཙོ་ལྷུན་གྲུབ་རྒྱལ་གྱིས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ཏེ་ས་ཚིགས་ལས་བཟོ་བ་ཡོངས་ཀྱིས་ཉིན་གསུམ་གྱི་རིང་ལ་རིན་མེད་ངང་སློབ་གྲྭའི་དགེ་སློབ་ཆིག་སྟོང་ལྷག་ལ་མཆིན་པའི་ཐུམ་འབུ་ནད་ཀྱི་ལུས་བཤེར་བྱས་ཤིང་ཐུམ་འབུའི་ནད་ཡོད་པའི་སློབ་མར་དུས་ཐོག་ཏུ་གསོ་བཅོས་བྱེད་པར་མཐུན་རྐྱེན་བསྐྲུན་པའི་བླ་ལྷག་གི་བྱ་གཞག་ལ་ལྷག་བསམ་གྱི་བཀའ་དྲིན་ཞུ་བའི་བསམ་པ་བསྟན།རྒྱལ་ཡོངས་ཏང་གི་སྐབས་བཅོ་བརྒྱད་པའི་འཐུས་མིའམ་བདེ་སྲུང་ས་ཚིགས་ཀྱི་འགོ་གཙོ་སྒྲོལ་མ་ཚོས་ཐེངས་འདིའི་ལུས་བཤེར་བྱ་བ་དང་འབྲེལ་ནས་མི་ལུས་བདེ་ཐང་ལ་དོ་སྣང་བྱེད་དགོས་ཚུལ་སྐོར་ནས་ཁ་བརྡ་བྱས།

微信图片_20171224182847.jpg

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།