སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄།།གྲངས་རིག་རྩིས་རྒྱག་འགྲན་སྡུར་སྐབས་བཞི་བའི་བྱ་འགུལ་སྤེལ་བ།

སྤེལ་དུས། 2017-11-19 07:44:35    རྡེབ་ཚད།
མཉམ་སྤྱོད་གནས།
   

 

 微信图片_20171119074812.jpg

ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རང་སློབ་གྲྭའི་གྲངས་རིག་རྩིས་རྒྱག་འགྲན་སྡུར་སྐབས་བཞི་བའི་བྱ་འགུལ་དེ་སློབ་གྲྭའི་དཔེ་མཛོད་ཁང་གི་ནང་དུ་སྤེལ། ཐེངས་འདིའི་འགྲན་སྡུར་ནང་དུ་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་འཛིན་གྲྭ་སོ་སོ་ནས་མི་གསུམ་རེ་བཅས་སློབ་མ66ཞུགས་ཡོད།འགྲན་སྡུར་དུ་ཞུགས་པའི་ལོ་རིམ་གཉིས་པ་ཡན་གྱི་སློབ་མ་རྣམས་ནི། གྲངས་རིག་དགེ་རྒན་རྣམས་ཀྱིས་ཟླ་རྒྱུགས་ཐེངས་གཉིས་དང་བར་རྒྱུགས་བླངས་ཡོད་པའི་སློབ་མའི་སྐར་གྲངས་ལ་དབྱེ་ཞིབ་བྱས་ཏེ། འཛིན་གྲྭ་སོ་སོའི་ནང་གི་སྐར་འབྲས་ཞན་པའི་སློབ་མ་གསུམ་རེ་འདེམས་ནས་རྩིས་རྒྱག་འགྲན་སྡུར་གྱི་ནང་ལ་ཞུགས་སུ་བཅུག་པ་དང་། ལོ་རིམ་དང་པོའི་འཛིན་གྲྭ་སོ་སོའི་ནང་ནས་སྐར་འབྲས་འབུར་ཐོན་བླངས་ཡོད་པའི་སློབ་མ་གསུམ་རེ་འདེམས་པ་ཡིན།     ཐེངས་འདིའི་འགྲན་སྡུར་ཁྲོད་སློབ་མ42ལ་བྱ་དགའ་ཐོབ་པ་དང་། བྱ་དགའ་འཐོབ་ཚད་འགྲན་ཞུགས་སྤྱིའི་མི་གྲངས་ཀྱི63.6%ལ་སླེབས།  འགྲན་སྡུར་བརྒྱུད། སློབ་མ་རྣམས་ཀྱི་བསམ་བློའི་སྟེང་སྤོབས་པ་དང་སྙིང་སྟོབས། ཡིད་ཆེས་ཀྱི་ཁེངས་ནས། རྗེས་ཕྱོགས་སློབ་སྦྱོང་ལ་འབད་པ་བྱེད་འདོད་ཀྱི་ཆོད་སེམས་ཤིག་ངང་ངམ་ཤུགས་ཀྱིས་ཁེངས་འདུག

                                                                            微信图片_20171119074820.jpg

འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན།

 

 微信图片_20171119074824.jpg

འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མཁན།

微信图片_20171119074828.jpg

འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མཁན།

微信图片_20171119074816.jpg

རྩིས་རྒྱག་གི་འབྲས་བུར་ཞིབ་བཤེར་བྱེད་བཞིན་པ།

 

 

                                         

 

 

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།