སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄།།རང་སློབ་གྲྭས་དགེ་སློབ་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་འགོ་རྩོམ་མཛད་སྒོར་བལྟས་པ།

སྤེལ་དུས། 2017-10-18 18:00:08    རྡེབ་ཚད།
མཉམ་སྤྱོད་གནས།
   

 

微信图片_20171018175211.jpg

2017ལོའི་ཟླ10པའི་ཚེས18ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་རང་སློབ་གྲྭའི་ཏང་ཀྲི་པུའུ་ཡིས་དགེ་སློབ་རྩ་འཛུགས་བྱས་ཏེ་སློབ་གྲྭའི་ནུས་མང་ཚོགས་ཁང་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་འགོ་རྩོམ་མཛད་སྒོར་བལྟས། ཏང་གི་ཚོགས་ཆེན་བཅུ་དགུ་བ་ནི་ཏང་དང་རྒྱལཁབ་ཀྱི་ཆབ་སྲིད་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་ལ།ཕྱོགས་ཡོངས་ནས་རང་རྒྱལ་རིགས་སོ་སོའི་མང་ཚོགས་འབྱོར་འབྲིང་ལམ་དུ་བསྐྱོད་པའིདུས་སྐབས་རང་བཞིན་གྱི་ཚོགས་འདུ་གལ་ཆེན་ཞིག་ཡིན། བལྟ་གཟིགས་ཀྱི་གོ་རིམ་ཁྲོད་དུ་དགེ་རྒན་ཡོངས་ཀྱིས་བློ་མཐུན་ཞིས་ཅིན་ཕིན་གྱིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་སྙན་ཞུ་ལ་ནན་ཏན་གྱིས་ཉན་པ་དང་ལྷག་པར་དུ་དུས་སྐབས་གསར་བའི་འོག་གི་རང་གི་ལས་རིགས་དང་འབྲེལ་བ་ཡོད་པའི་སློབ་གསོའི་སྲིད་ཇུས་ཐད་ལ་དོ་སྣང་བྱས། ཚོགས་འདུའི་མཇུག་ཏུ་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའི་ཅིའམ་སློབ་གཙོ་གཞོན་པ་ཆོས་སྐྱོང་བཀྲ་ཤིས་ཀྱིས་དགེ་སློབ་ཡོངས་ལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་བྱས་ཏེ་དུས་རབས་གསར་པའི་དགེ་རྒན་བཟང་པོ་ཞིག་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུད་འཛིན་པ་བཟང་པོ་ཞིག་བྱེད་དགོས་པའི་རེ་བ་བཏོན།

微信图片_20171018175217.jpg

微信图片_20171018175221.jpg

微信图片_20171018175225.jpg

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།