སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄།།རང་སློབ་གྲྭས་རྒན་བཀུར་སྲོལ་བཟང་གི་བྱ་འགུལ་སྤེལ་བ།

སྤེལ་དུས། 2017-10-15 21:25:47    རྡེབ་ཚད།
མཉམ་སྤྱོད་གནས།
   

      ཏང་གི་ཚོགས་ཆེན་བཅུ་དགུ་བ་ཚོགས་ལ་ཉེ་བའི་དུས་བཟང་འདིར།རང་སློབ་གྲྭའི་རིག་རྩལ་དགའ་སྣང་ཚོ་ཆུང་གི་སློབ་མ་དག་མཛུབ་སྟོན་དགེ་རྒན་གྱིས་སྣེ་ཁྲིད་འོག་ཟླ༡༠པའི་ཚེས༡༣ཉིན་གྱི་ཕྱི་དྲོར་རྫོང་རྒན་བཀུར་ཁང་དུ་བསྐྱོད་དེ་གཅན་ཚ་ཐང་གནས་སྤོར་འདུས་ཁུལ་དང་མཉམ་དུརྒན་པར་གཅེས་སྐྱོང་དང་ཚོགས་ཆེན་བཅུ་དགུ་བ་བསུ་བའིཆེད་དོན་མཚམས་འདྲིའི་རིག་རྩལ་འཁྲབ་སྟོན་བྱས། རིག་རྩལ་འཁྲབ་སྟོན་གྱི་འགོ་འཇུག་བར་གསུམ་དུ་རྒན་བཀུར་ཁང་གི་ལོ་ལོན་རྒན་པ་དག་གིས་དགའ་སྤྲོའི་རྡེབ་སྒྲ་མ་ཆད་ཅིང་།སེམས་འགུལ་གྱི་མིག་ཆུ་འཐོར་སྟེ་བྱིས་པ་ཚོའི་ལག་མགོར་འཇུས་ནས་སློབ་སྦྱོང་ལ་འབད་པ་བྱེད་དགོས་པའི་སློབ་གསོ་དང་ཁ་ཏ་གནང་།ཐེངས་འདིའི་བྱ་འགུལ་ནི་བྱིས་པ་ཚོར་རྒན་བཀུར་སྲོལ་བཟང་དར་སྤེལ་བྱས་ཏེ་བྱིས་པ་ཡ་རབས་ཤིག་ཏུ་བསྒྱུར་བར་སྐུལ་བའི་སློབ་ཁྲིད་ཐེངས་ཤིག་ཡིན་ལ།བྱིས་པ་ཚོས་རང་གི་ནུས་ཚོད་ཀྱིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་པའི་སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ་ཞིག་ཀྱང་ཡིན།རྫོང་ཨུའུ་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཀྲུའུ་དབྱི་ཡུན།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འོ་ཕྲུག་དང་།རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་དོན་འགྲུབ་མཚོ།རྫོང་དམངས་སྲིད་ཅུའུ་ཀྲང་ཧིག་བུན་པོ།རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་རང་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་གཞོན་པ་ཆོས་སྐྱོང་བཀྲ་ཤིས་སོགས་ཞུགས་ཡོད།

微信图片_20171015211737.jpg

微信图片_20171015211749.jpg

微信图片_20171015211753.jpg

微信图片_20171015211758.jpg

微信图片_20171015211803.jpg

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།