སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄།།རང་སློབ་གྲྭར་རྒྱལ་ཁབ་སློབ་གསོའི་ལྟ་ཞིབ་ཚོགས་པས་ཞིབ་བཤེར་མཛུབ་སྟོན་བྱས་པ།

སྤེལ་དུས། 2017-09-27 16:26:31    རྡེབ་ཚད།
མཉམ་སྤྱོད་གནས།
   

     ཟླ༩པའི་ཚེས༢༦ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་སློབ་གསོའི་ལྟ་ཞིབ་པའམ་ཞིན་ཅང་བུའུ་ལུའུ་མུའུ་ཆི་གྲོང་ཁྱེར་སློབ་གསོ་ལྟ་སྐུལ་ཁང་གི་ཀྲུའུ་རིན་ཡན་ལིས་ཅིན་གྱིས་སྣེ་ཁྲིད་པའི་ འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཐད་ཀྱི་རྒྱལ་ཁབ་རིམ་པའི་ཞིབ་བཤེརལྟ་ཞིབ་ཚོགས་པ་དེ་ཞིང་ཆེན་སློབ་གསོ་ཐིན་གྱི་སྐོར་གཟིགས་གཞོན་པ་ལེ་ཧྥང་ཞན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོ། ཁུལ་སློབ་གསོ་ཅུའི་ཅུའུ་ཀྲང་ཀྲིག་ཡོང་ཆ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་བསྟན་འཛིན།སློབ་གསོ་ཅུའི་ཅུའུ་ཀྲང་ཀུན་འདུལ་རྡོ་རྗེ་སོགས་འབྲེལ་ཡོད་འགོ་ཁྲིད་ཀྱི་འགྲོ་རོགས་འོག་རང་སློབ་གྲྭར་ཕེབས་ནས་བྱ་བར་རྟོགས་དཔྱོད་བྱས།རྟོག་དཔྱོད་ཚོགས་པ་སྔ་གཞུག་ཏུ་སློབ་གྲྭའི་དཔེ་ཀློག་ཁང་དང་།རོལ་དབྱངས་ཁང་།མཛེས་རྩལ་ཁང་།ཚན་རིག་ཚོད་བལྟ་ཁང་།སྤྱི་ཚོགས་ལག་ལེན་ཁང་།རྩལ་སྦྱངས་ཡོ་བྱད་ཁང་།ཡིག་གཟུགས་འགྲེམས་སྟོན་ཁང་།སློབ་རའི་ཚགས་པར་རྩོམ་སྒྲིག་ཁང་།སློབ་རའི་རྒྱང་སྒྲོག་ཁང་། རྩིས་འཁོར་ཁང་སོགས་སུ་སོང་ནས་རྨང་གཞིའི་སྒྲིག་ཆས་དང་།བཀོལ་སྤྱོད་གནས་ཚུལ།དགེ་རྒན་བཀོད་སྒྲིག་སོགས་ལ་ཞིབ་བཤེར་བྱས་པ་དང་།སློབ་རའི་ཚགས་པར་དང་སློབ་ཁྲིད་དཔྱད་གཞིའི་བང་མཛོད། སློབ་རའི་རྒྱང་སྒྲོག་ཁང་། སློབ་གྲྭའི་རང་སྒྲིག་དཔེ་ཚོགས་སོགས་ནི་སློབ་གྲྭ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་སྣང་བ་མ་ཟད། མི་རིགས་སློབ་གསོ་སྒྲུབ་པའི་གོ་རིམ་ཁྲོད་དུ་སློབ་མའི་འཇོན་ནུས་སྔོག་འདུན་བྱེད་པར་མཐུན་རྐྱེན་ལེགས་པོ་མཁོ་འདོན་བྱས་འདུག་ཅེས་ཁས་ལེན་གང་ལེགས་བྱས།

 

微信图片_20170927162058.jpg

 

微信图片_20170927162047.jpg

微信图片_20170927162032.jpg

 

微信图片_20170927162004.jpg

微信图片_20170927163200.jpg

 

微信图片_20170927162110.jpg

 

微信图片_20170927162120.jpg

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།