སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄།།རང་རྫོང་གིས་དགེ་རྒན་དུས་ཆེན་བསུ་བའི་གཟེངས་བསྟོད་ཚོགས་འདུ་བསྡུས་།

སྤེལ་དུས། 2017-09-11 22:16:59    རྡེབ་ཚད།
མཉམ་སྤྱོད་གནས།
   

 རང་རྫོང་གིས་དགེ་རྒན་དུས་ཆེན་བསུ་བའི་གཟེངས་བསྟོད་ཚོགས་འདུ་བསྡུས་ཤིང་རང་སློབ་གྲྭའི་དགེ་སློབ་མང་པོ་ཞིག་ལ་བྱ་དགའ་ཐོབ།

 ཟླ9བའི་ཚེས10ཉིན་གྱི་ཕྱི་དྲོར་གཅན་ཚ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་བསུ་མ་བྱེད་པ་དང་སློབ་མར་ལམ་སྟོན་གྱི་མི་བཟང་པོ་ཞིག་བྱ་དགོས”ཞེས་པ་བརྗོད་དོན་ཡིན་པའི་དགེ་རྒན་དུས་ཆེན་ཐེངས33པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་རང་རྫོང་གི་གཡང་མདའ་ལུས་རྩལ་ར་བར་བསྡུས།ཚོགས་འདུ་ལ་རྫོང་ཨུའི་རྒྱུན་ཨུ་སོ་སོ་དང་རྫོང་རིམ་གཞོན་པ་ཡན་གྱི་འགོ་ཁྲིད།རྫོང་ཡོངས་ཀྱི་སློབ་གསོའི་སྡེ་ཁག་གི་དགེ་བཟོ་བ་ཡོངས་དང་སློབ་མའི་འཐུས་ཚབ།མི་དམངས་མང་ཚོགས་བཅས་མི་ཁྲི་བཞི་ལྷག་ཞུགས་ཤིང་།རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཧྭ་ཀྲིས་འགོ་འཛིན་བྱས།ཁུལ་མི་དམངས་་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་རྫོང་ཨུའི་ཧྲུའི་ཅི་ཁྲིན་ཁྲང་ཀྲིས་གཏམ་གལ་ཆེན་བཤད།ཁོས་ཐོག་མར་རྫོང་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ནས་སློབ་གསོའི་ལས་རྐང་སྟེང་གི་དགེ་རྒན་ཡོངས་ལ་དུས་ཆེན་གྱི་མཚམས་འདྲི་བྱས་པ་དང་།ཕྱོགས་ཡོངས་ནས་རང་རྫོང་གི་ད་ལོའི་སློབ་གསོ་ལ་དབྱེ་ཞིབ་དང་སྤྱི་སྡོམ་བྱས་ཏེ་སློབ་གསོའི་རྒྱུགས་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད་།ཕྱིན་ཆད་ཀྱང་དགེ་རྒན་ཚོས་མུ་མཐུད་དུ་སློབ་གསོའི་བྱ་བའི་འགན་ཁུར་ལྕི་མོ་ཕྲག་ཏུ་བླངས་ཏེ་རྫོང་ཡོངས་ཀྱི་སློབ་གསོའི་བྱ་བར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།ཚོགས་ཐོག་ཏུ2016--2017སློབ་ལོའི་ནང་དུ་རྫོང་ཡོངས་ཀྱི་འོས་འགན་སློབ་གསོ་སྒྱུ་སྤུས་ཚད་འཇལ་རྒྱུགས་གཞི་ཁྲོད་རྒྱུགས་འབྲས་འབུར་ཐོན་ཡིན་པའི་སློབ་གྲྭ9དང་དགེ་རྒན256     སློབ་མ1167   ཕུལ་བྱུང་སློབ་གཙོ9   ཕུལ་བྱུང་འཛིན་བདག22བཅས་ལ་མ་དངུལ་སྒོར་ཁྲི83ལྷག་བཏང་ནས་གཟེངས་བསྟོད་བྱས་ཤིང་།དེའི་ཁྲོད་དུ་རང་སློབ་གྲྭའི་དགེ་རྒན32ལ་བྱ་དགའ་ཐོབ་པ་དང་དེས་རྫོང་ཡོངས་ཀྱི་དགེ་རྒན་ཚོའི་བྱ་དགའ་ཐོབ་ཚད་ཀྱི12.5%ཟིན་པ་དང་སློབ་མ297ལ་བྱ་དགའ་ཐོབ་ཅིང་དེས་རྫོང་ཡོངས་ཀྱི་སློབ་མ་ཚོའོ་བྱ་དགའ་ཐོབ་ཚད་ཀྱི25.4%ལྷག་ཟིན།རྫོང་སློབ་གསོ་ཅུའུ་ཅུའུ་ཀྲང་ཀུན་འདུལ་རྡོ་རྗེས་སློབ་གསོ་ཅུས་བྱ་དགའ་སྟེར་བའི་ཐབས་ཇུས་དང་ཐག་གཅོད་སོགས་བརྒྱུད་སྒྲོག་བྱས།མཇུག་ཏུ་སློབ་གྲྭ་སོ་སོའི་སློབ་མ་ཚོས་ཁྱད་ཆོས་མི་མཐུན་པའི་འཁྲབ་སྟོན་གྱིས་དུས་ཆེན་གྱི་ཡོ་ལང་རྣམ་པར་རྒྱས་སུ་བཅུག་ཅིང་།དགེ་རྒན་ལ་བཀའ་དྲིན་མཚོན་པའི་གླུ་དང་གར་གྱི་སྟངས་སྟབས་ཁྲོད་དུས་ཆེན་བསུ་བའི་མཇུག་ཀྱང་རིམ་པར་རྫོགས་སོ།
 

118245936420723802.jpg

420490315884462654.jpg

779813504325129485.jpg

ཚོགས་འདུའི་ཡུལ་དངོས།

552828735425078292.jpg

705418917480113809.jpg

174398172156671730.jpg

89355785653998090.jpg

200674471140937232.jpg

ཕུལ་བྱུང་སློབ་གཙོ་དང་སློབ་གྲྭ འཛིན་བདག དགེ་རྒན། སློབ་མ་བཅས་ཀྱི་འཐུས་ཚབ་པར་བྱ་དགའ་སྟེར་བའི་ཚུལ།

185421041780178538.jpg

35953364969766305.jpg

བྱ་དགའ་ཐོབ་པའི་རང་སློབ་གྲྭའི་སློབ་མ་ཡོངས།

619546238219128534.jpg

  རང་སློབ་གྲྭའི་སློབ་མའི་འཁྲབ་སྟོན།

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།