སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄།།སློབ་གྲོགས་ཕག་མོ་གཡང་སྒྲོན་གློག་བརྙན་འཁྲབ་སྟོན་ཁྲོད་གཙོ་འཁྲབ་མི་སྣར་གྱུར་བ།

སྤེལ་དུས། 2017-08-31 19:18:11    རྡེབ་ཚད།
མཉམ་སྤྱོད་གནས།
   

 རང་སློབ་གྲྭའི་སློབ་གྲོགས་ཕག་མོ་གཡང་སྒྲོན་གློག་བརྙན་འཁྲབ་སྟོན་ཁྲོད་གཙོ་འཁྲབ་མི་སྣར་གྱུར་བ།

 
     ཉེ་སྔོན། འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙནཆུ་ལྷམ་ཆུང་ཆུངཞེས་པའི་ཕབ་སྐྲུན་མགོ་རྩོམ་པའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཐལ་རྒྱ་ཡུལ་ཚོའི་ཐལ་རྒྱ་སྡེ་བ་ནས་གཟབ་རྒྱས་ངང་སྤེལ།ཞིང་།རང་སློབ་གྲྭའི་སློབ་གྲོགས་ཕག་མོ་གཡང་སྒྲོན་འཁྲབ་སྟོན་ཁྲོད་གཙོ་འཁྲབ་མི་སྣར་གྱུར། འདི་ནི་བྱིས་པ་བརྗོད་དོན་དུ་བཟུང་བའི་གློག་བརྙན་ཞིག་ཡིན་ཞིང་། ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུངདབང་གྲགས་ཀྱི་ཆུ་ལྷམཞེས་པ་སྒྲིག་བཅོས་བྱས་པ་དང་། དེར་པེ་ཅིང་གློག་བརྙན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཧོའུ་ཀོང་མིང་དང་སློབ་གཙོ་གཞོན་པའམ་ན་གཞོན་གློག་བརྙན་སྒྲིག་བཟོ་ཁང་གི་འགོ་གཙོ་ཡུའུ་ཅན་ཧུང་གི་རྒྱབ་སྐྱོར་ཆེན་པོ་གནང་། པེ་ཅིང་གློག་བརྙན་སློབ་གླིང་གི་སྐབས་བདུན་པའི་ན་གཞོན་འཁྲབ་ཁྲིད་པའི་རོགས་སྐྱོར་འཆར་འགོད་དུ་ཚུད་ཅིང་། སྐབས་ཉེར་གསུམ་པའི་པེ་ཅིང་སློབ་ཆེན་པའི་གློག་བརྙན་དུས་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའི་ན་གཞོན་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ། གློག་བརྙན་འདི་ནི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་དཔྱད་འདེམས་པའམ་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་བྱེད་ཅིང་། ཐེངས་གཉིས་ལ་གསེར་རྟ་རྟགས་མའི་ཕུལ་བྱུང་བརྙན་ལེན་པར་འདེམ་བསྐོ་གནང་བའི་བརྙན་ལེན་པ་ལུས་སུང་ཡེ་ཡིས་བརྙན་བླངས། ན་གཞོན་གློག་བརྙན་སྒྲིག་བཟོ་ཁང་གི་འགོ་གཙོ་ཁྲེན་ཀྲུང་ཀུའོ་ཡིས་སྒྲིག་བཟོ་གནང་།གློག་བརྙན་འདིའི་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་ནི་པེ་ཅིན་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་། སློབ་མའི་སྐབས་སུ་བརྙན་ཐུང་གང་མང་གསར་རྩོམ་བྱས་ཏེ་གདེང་འཇོག་ལེགས་པོ་ཐོབ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙནཐར་ལོསོགས་ཕུལ་བྱུང་གློག་བརྙན་མང་པོའི་སྒྲིག་བཟོ་བྱེད་པར་ཞུགས་མྱོང་པས་གསར་རྩོམ་ལག་ལེན་གྱི་ཉམས་མྱོང་ངེས་ཅན་ལྡན། གློག་བརྙནཆུ་ལྷམ་ཆུང་ཆུངནི་ཁོའི་གློག་བརྙན་རིང་གྲས་ཀྱི་ཐོག་མའི་བརྩམས་ཆོས་ཡིན་ལ། ལོ་གཉིས་ཀྱི་རིང་གྲ་སྒྲིག་བྱས་ཡོད། གསེར་རྟ་རྟགས་མའི་ཕུལ་བྱུང་འཁྲབ་སྟོན་པ་གསར་བར་འདེམ་བསྐོ་གནང་བའི་བོད་རིགས་ན་གཞོན་འཁྲབ་སྟོན་པ་སྦྱིན་པས་གློག་བརྙན་འདིའི་ནང་བྱིས་པའི་ཨ་ཕ་འཁྲབ་ཡོད་ལ། ན་གཞོན་འཁྲབ་སྟོན་པ་བྱམས་མ་སྐྱིད་ཀྱིས་ཨ་མ་འཁྲབ་ཡོད། བྱིས་པ་ཆུང་ཆུང་འབྲུག་ལྷ་རྡོ་རྗེས་བུ་ཆུང་དབང་གྲགས་དང་རང་སློབ་གྲྭའི་བཞི་གཅིག་འཛིན་གྲྭའི་སློབ་གྲོགས་ཕག་མོ་གཡང་སྒྲོན་གྱིས་བུ་མོ་ཆུང་ཆུང་ལྷ་མོ་གཙོ་ཁྲབ་བྱས་ཡོད་ཅིང་།མོ་ནི༢༠༠༨ལོའི་ཟླ༡༢པར་རང་རྫོང་གི་སྟེང་སོ་ཞང་ཤིང་མགུར་སྡེ་བར་སྐྱེས་ཤིང་ཆུང་དུས་ནས་གླུ་དབྱངས་དང་ཞབས་བྲོ་འཁྲབ་པར་དགའ་བའི་བྱིས་པ་ཞིག་ཡིན།གློག་བརྙན་འཁྲབ་འཁྲིད་པས་བཤད་པ་ལྟར་ན།མོས་དུས་ཡུན་ཟླ་གཅིག་ལྷག་གི་གློག་བརྙན་འཁྲབ་སྟོན་ཁྲོད་འཁྲབ་ཚིག་བློར་འཛིན་དང་འཁྲབ་སྟོན། འཁྲབ་གཞུང་ངོས་འཛིན་སོགས་གང་ཐད་ནས་བྱིས་པ་ཡ་རབས་ཤིག་གི་ངང་རྒྱུད་མཐོང་ཐུབ་ཟེར།

756057574613027447.jpg

654492532539376654.jpg

 

    ཕབ་བསྐྲུན་མཛད་སྒོ།

504885339594273359.jpg

150293203764991606.jpg

 

    ཕབ་བསྐྲུན་མཛད་སྒོ།

 

161737006210565227.jpg

 

151347639678610774.jpg

 ཕབ་བསྐྲུན་ཡུལ་དངོས།

172452311510043345.jpg

 

    བྱིས་དུས་ཀྱི་འཚོ་བ།

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།