སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄།།ཡིག་གཟུགས་འཛིན་གྲྭའི་སློབ་མར་བྱ་དགའ་ཐོབ་པ།

སྤེལ་དུས། 2017-05-15 12:52:51    རྡེབ་ཚད།
མཉམ་སྤྱོད་གནས།
   

ཡིག་གཟུགས་འཛིན་གྲྭའི་སློབ་མར་བྱ་དགའ་ཐོབ་པ།

རང་སློབ་གྲྭའི་ཐོན་མིའི་ཕྱག་རྒྱུན་ཡིག་གཟུགས་འཛིན་གྲྭའི་སློབ་མ༡༥ལ་རྫོང་རིག་གནས་ཁང་གིས་བསྒྲུབས་པའི༢༠༡༧ལོའི་རྫོང་ཡོངས་ཀྱི་ཡིག་གཟུགས་འགྲེམས་སྟོན་ཁྲོད་བྱ་དགའ་ཐོབ།ཐོན་མིའི་ཕྱག་རྒྱུན་ཡིག་གཟུགས་འཛིན་གྲྭ་ནི་སློབ་གྲྭས་ཉེ་བའི་ལོ་འདི་འགར་སློབ་མའི་འཇོན་ནུས་སྔོག་འདོན་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་བསྒྲུབས་པའི་རང་མོས་འཛིན་གྲྭ་བདུན་གྱི་ནང་གསེས་ཤིག་ཡིན་ལ།ཆེད་ཞུས་དགེ་རྒན་ཏེ་བོད་ཀྱི་ན་གཞོན་ཡིག་མཁན་ནམ་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ལྕགས་བྷེ་ལགས་ཀྱིས་སེམས་ཞིབ་མོ་སྒོས་མཛུབ་སྟོན་དང་ཟུར་ཁྲིད་བྱས་པའི་འཛིན་གྲྭ་ཞིག་ཡིན་པ་དང་།ལོ་རིམ་གསུམ་པ་ཡན་གྱི་འཛིན་གྲྭ་སོ་སོ་ནས་ཡིག་གཟུགས་ལ་དགའ་བའི་སློབ་མ་དག་ལས་གྲུབ་པ་ཡིན་ཞིང་། འཛིན་གྲྭ་འདིའི་སློབ་མ་འགའ་རེའི་བརྩམས་ཆོས་གངས་རྒྱན་ན་ཆུང་ཚགས་པར་དུ་བཀོད་པ་མ་ཟད། ཚགས་པར་ཁང་དེས་བསྒྲུབས་པའི་བོད་ཁམས་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མྱོང་། རེབ་འདིའི་འགྲེམས་སྟོན་བྱ་འགུལ་སྤེལ་བ་འདིས་རྫོང་ཡོངས་ཀྱི་ཆུང་འབྲིང་སློབ་མ་དག་སྔར་ལས་ལྷག་་པའི་སྒོ་ནས་ཡིག་གཟུགས་འབྲི་བར་རྟིང་སྐུལ་བྱས་སོང་།

139506650398489550.jpg

630658266682077462.jpg579451877959654715.jpg

སློབ་མས་བྲིས་པའི་ཡིག་གཟུགས།

31971246278089223.jpg

361885459901728972.jpg

92104345817780632.jpg

863467647573713971.jpg

ཡིག་གཟུགས་འབྲི་སྦྱོང་།

119055524620460334.jpg

རེབ་འདིར་བྱ་དགའ་ཐོབ་པའི་སློབ་མ།

380834680845729392.jpg

ཆེད་ཞུས་དགེ་རྒན་ལྕགས་བྷེ།

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།