སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ང་ཚོའི་སློབ་གྲྭ།

    གཅན་ཚ་རྫོང་མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པ་ནི་མདའ་མོ་གཡང་རྫོང་གི་ལྟེ་བར་ཆགས་ཡོད་པའི་ལོ་དྲུག་ལམ་ལུགས་ཀྱི་མི་རིགས་ཆ་ཚང་སློབ་ཆུང་ཞིག་ཡིན་ལ། སློབ་ཆུང་འདི་ནི་སྤྱི་ལོ1982ལོར་གསར་དུ་བཙུགས་ཤིང་ད་བར་དུ་ལོ་ངོ་སུམ་ཅུ་ལྷག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡོད། ད་སྐབས་སློབ་མ973དང་འཛིན་གྲྭ19ཡོད་པ་དང་། སློབ་གྲྭའི་ས་ངོས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5757ཡོད་ལ་འཛུགས་སྐྲུན་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ5200ལྷག་ཟིན། སློབ་གྲྭ་ཡོངས་ལ་དགེ་རྒན63ཡོད་ལ། དེའི་ནང་དུ་སློབ་འབྲིང་མཐོ་རིམ་དགེ་རྒན3དང་། སློབ་ཆུང་མཐོ་རིམ་དགེ་རྒན41དང་། སློབ་ཆུང་དམའ་རིམ་དགེ་རྒན19བཅས་ཡོད། ཞིང་ཆེན་དང་། ཁུལ། རྫོང་རིམ་པའི་རྐང་འཛིན་དགེ་རྒན10དང་། ཁུལ་དང་རྫོང་གི་བསླབ་ཁག་སྣེ་ཁྲིད་པ་དགེ་རྒན 2 ཡོད་ལ། སྔ་གཞུག་ཏུ་སློབ་གྲྭའི་དགེ་རྒན16ལ་ཞིང་ཆེན་དང་། ཁུལ། རྫོང་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་ཡོད། སློབ་གྲྭ་འདིས་ཐོག་མཐའ་བར་གསུམ་དུ་གོང་རིམ་སློབ་གསོའི་སྡེ་ཁག་གི་ཡང་དག་མཛུབ་སྟོན་འོག་ཏང་གི་སློབ་གསོའི་སྲིད་ཇུས་ལག་ལེན་མཐར་ཕྱིན་དང་མི་རིགས་སློབ་གསོའི་སྲིད་ཇུས་དངོས་འབེབས་བྱས་ཏེ་ཁྱིམ་བདག་གི་ཡིད་ཚིམ་པའི་སློབ་གྲྭ་སྒྲུབ་པར་བདག་གཉེར་ལག་ལེན་ཏུ་བསྟར་ནས་ལམ་ལུགས་འཐུས་ཚང་དང་དོ་དམ་ཚད་ལྡན་ཅན་དུ་བཏང་། ལྷག་པར་དུ2000ལོར་ལོ་དྲུག་འོས་འགན་སློབ་གསོ་ཁྱབ་བརྡལ་དུ་གཏོང་བར་དམིགས་ཏེ་ས་གནས་ཁྱབ་ཁོངས་ཀྱི་སློབ་ཞུགས་ཚད་བརྟན་འཇགས་ཡིན་པའི་རྨང་གཞིའི་སྟེང་རང་རྫོང་གི་གཅན་ཚ་ཐང་ཕྱུགས་ལས་ས་ཁུལ་གྱི་སློབ་མ་སློབ་གྲྭར་འགྲོ་བའི་དཀའ་ཁག་ལ་དམིགས་ཏེ་སློབ་གྲྭའི་འགོ་ཁྲིད་དང་ས་གནས་སྲིད་གཞུང་བར་གྲོས་གཞི་བཏོན་ཏེ་སློབ་བྱོལ་སློབ་མའི་ཁྱིམ་བདག་ལ་བསམ་བློ་བརྗེ་རེས་དང་སློབ་གསོ་བཏང་སྟེ་རང་སློབ་གྲྭར་སློབ་ཞུགས་བྱེད་དུ་བཅུག་པས་རྫོང་ཡོངས་ཀྱི་ལོ་དྲུག་ལམ་ལུགས་ཀྱི་སློབ་གསོའི་ལས་འགན་ཡོངས་འགྲུབ་བྱེད་པར་རྨང་གཞི་བཟང་པོ་བཏིང་། 2005ལོར་ཁུལ་ཡོངས་ཀྱི་སློབ་བྱོལ་ཚད་ཚོད་འཛིན་བྱེད་པར་དམིགས་ཏེ་སྔ་གཞུག་ཏུ་རྨ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་དང་རེ་བའི་ཁྱིམ་གཞི་གླིང་གི་བྱིས་པ་མང་པོ་སློབ་གྲྭར་ཞུགས་སུ་བཅུག་སྟེ་ཁུལ་དང་རྫོང་ཡོངས་ཀྱི་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་བརྡལ་དུ་གཏོང་བར་བྱས་རྗེས་བཞག་པ་དང་། ལོ་དེར་རྨ་ལྷོ་ཁུལ་ཡོངས་ཀྱི་དམིགས་ཚད་སློབ་ཁྲིད་ལག་བསྟར་བྱེད་སའི་ཚོད་ལྟའི་སློབ་གྲྭ་རུ་བདམས། 2011ལོར་རྨང་གཉིས་རྒྱལ་ བཤེར་སྐབས་སུ་ཆེས་ལེགས་པའི་གྲུབ་འབྲས་ཐོབ། གཞན་ཡང2011ལོ་ནས་བཟུང་སློབ་གྲྭའི་འགོ་ཁྲིད་ཚན་སྐོར་གྱིས་གོང་རིམ་སྲིད་གཞུང་ལ་སློབ་གྲྭ་འདིར་ཞུགས་པའི་སློབ་མའི་ཚད་མང་པ་དང་། སློབ་གྲྭའི་ར་སྐོར་ཆུང་པ། གཞི་རིམ་ས་ཁུལ་གྱི་བྱིས་པའི་སློབ་ཞུགས་བྱེད་པར་འདུག་ཁང་སོགས་ཀྱི་དཀའ་ཁག་ཡོད་པར་རེ་ཞུ་མང་དུ་བྱས་པ་སོགས་ཀྱིས་བཅའ་སྡོད་སློབ་གྲྭ་དང་པོ་འཛུགས་པར་རོགས་འདེགས་ཀྱི་བྱེད་ནུས་ཐོན་དུ་བཅུག་པ་ཡིན། མདོར་ན་སློབ་གྲྭ་འདིས་འདས་མ་ད་གསུམ་གང་རུང་དུ་ལོ་བརྒྱའི་ཇུས་ཆེན་གྱི་གཞི་རྩ་སློབ་གསོ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་དང་མི་གཞི་གསོ་སྐྱོང་བྱེད་པ་གཙོར་བཟུང་སྟེ་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ལག་ལེན་དང་དངོས་འབེབས་བྱས་ཏེ༢༠༡༧ལོར་དོ་མཉམ་སློབ་གསོ་མངོན་འགྱུར་དང༢༠༢༠ལོར་དེང་རབས་ཅན་གྱི་སློབ་གྲྭ་འཛུགས་བསྐྲུན་བྱེད་པར་འབད་འབུངས་བྱེད་བཞིན་མཆིས་སོ། ། 尖扎县马克唐镇第二完小(以下简称:二完小)座落于黄河河畔,背靠巍巍大山,东与化隆县交界,南与同仁县毗邻,西与贵德县接壤。风景秀丽,景色宜人,是一所全日制民族完全小学。 学校现有19个教学班,学生973名(包括“希望之家”在校生38人、州“儿童福利院”在校生174人),平均班额49人,教师63人,专任教师63人,其中学历合格教师63人,中、高级专业技术职务教师44人;学校占地面积5757㎡,生均用地面积6.1㎡;校舍建筑面积5200㎡,生均校舍建筑面积5㎡;普通教室25间,面积3775㎡;教辅用房19间,面积1425㎡,生均教学及辅助用房面积5.55㎡;计算机100台,每百名学生拥有计算机9.41台;图书室藏书20000册,生均图书21.2册;教学仪器设备总值21.32万元,生均739.5元。 二完小创建于1982年。三十多年的风风雨雨,从当时仅有14名教师, 114名在校生, 4个年级和班级,逐步壮大成现在的规模。 二完小的成长足迹,是尖扎县义务教育均衡发展的重要见证。在上级主管部门的正确指引下,通过全体师生的共同努力“普六”、“普九”、“两基”国检工作得以圆满落实,把“两基”工作做推向一个新的台阶。在2005—2007年期间,我校为解决尖扎滩乡学生入学难问题、“希望之家”常年维持在 40人左右、州“儿童福利院”常年维持在 180人左右、城镇建设和移民搬迁累计增加的700余名学生,高峰期间在校生人数一度达到1300余名。截止目前,学校教学用房和辅助用房基本满足需求,各项教育教学硬件设备齐全,整体环境优雅,但受制于场地现状无法扩建操场,相信在不远的将来一切问题将迎刃而解。 无论是上世纪八九十年代,还是近十余年中,二完小始终以教学质量为生命线,教育教学质量走在全县同类小学的前列。为促进教师健康成长,我们努力打造“名师工程”:每学期,学校都要求各年级推出一至二名教学理念新、教学方法好、教学效果优的老师做典型,让其推动学校教学教研工作。与此同时学校还积极推动“优质课推广”活动,即高级教师上一堂示范课、一级教师上二堂引领课、青年教师上三堂汇报课。 特别是近几年,在毕业检测综合评估和县教育局组织的统考检测中,我校都取得了较优的成绩。2014年,二完小荣获来尖扎县小学毕业检测综合评估三等奖;2015年,尖扎县二完小荣获小学毕业检测综合评估二等奖。同时,学校逐步加强学生藏、汉、英语写作能力方面的培养力度,经过三年的不懈努力,学校月刊《红领巾报》已出版18期,刊登学生作品248篇。部分学生作品已有几十篇在《刚坚少年报》、《黄南藏文报》、《青海法制报》、《五省区藏族中小学学生优秀作文集》等省、州、县的刊物、书本上发表,并在五省区中小学首届藏文写作竞赛、青海省赞普公司少儿藏文写作竞赛等县级以上竞赛中取得了一等奖8名,二等奖17名,三等奖21名的好成绩。另外,在培养学生文体特长方面,学校积极聘请民间传统文化表演者,为学生搭建起认知和接触传统文化的平台,在培养学生文体兴趣的同时也为传承优秀民族传统文化添砖加瓦,现已开设兴趣课有:藏族说唱、扎念弹唱、唐卡技法、藏汉书法、锅庄舞表演、藏式鹰笛、电子琴等,并有扎念弹唱团登上了青海安多卫视举办的新年晚会舞台。 几经风雨,几经沧桑,近几年我校不断完善机制,规范管理。塑造了敬业、尽职、奉献的教师队伍,勤奋、文明、进取的学生群体。科学、严格的内部管理,整洁、优美、清爽的校园环境,受到上级领导和社会各界的一致好评,学校先后被授予文明单位,先进单位等荣誉称号。 全新的教学用房,一流的教学条件,优雅的教学环境,这一切都离不开党和政府的英明领导,二完小全体师生会把领导的关怀和社会各界的支持视为宝贵的精神财富,一定会勇往直前,把二完小的明天打扮得更加美丽、迷人。 崇尚一流,追求卓越是二完小人的目标,团结拼搏、争优敢先是二完小人的精神。在学校今后的发展道路上,我们会继续以推进均衡发展为己任,为把二完小办成全县一流的全日制民族完全小学,州、县示范学校,人民满意的学校而努力奋斗。
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།